[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-09

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མྱུར་ཤོས་དང་། གྲངས་འབོར་མང་ཤོས། ཕན་འབྲས་ཆེ་ཤོས་བཅས་ཀྱི་དུས་སྐབས་ཤིག་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་སྟབས་བདེ་ལ་ཕན་འབྲས་ཆེ་བའི་གཞུང་ལམ་འགྲིམ་འགྲུལ་དྲ་བ་དང་། བཀོད་པ་ལུགས་མཐུན་དང་། རིམ་པ་ཁ་གསལ། ལེགས་ཆ་གསབ་རེས། བྱེད་ནུས་འཐུས་ཚང་བཅས་ཀྱི་དེང་རབས་འགྲིམ་འགྲུལ་མ་ལག་ཅིག་ཆགས་བཞིན་ཡོད་པ་དེས་མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

    481092_yis_1517894613548.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི“གཉེན་བསུའི་ཟམ་ཆེན”ཡིན་པ།

    481091_yis_1517894611754.jpg

    འདི་ནི་ལྷ་ས་གྲོང་ཁྱེར་གྱི་ལྷོ་སྐོར་ལམ་དུམ་བུའི་ཕུན་ཚོགས་ཕུག་ལམ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།