[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གསར་འགྱུར་པར་རིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-09

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ་མེ་ཟོན་གྱི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་གཉིས་ཁྲོམ་གཞུང་འཇག་མ་གླིང་ཁ་སྡེ་ཁུལ་གྱིས་མེ་ཟོན་གྱི་འཕྲལ་སྡོམ་ནང་སྦྱོང་བྱེད་རིང་ཁྲེང་ཀོན་ཆུས་མེ་ཟོན་རུ་ཆེན་གྱི་མེ་ཟོན་དྲིལ་བསྒྲགས་པ་ཆེད་མངགས་གདན་དྲངས་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཚན་པ་དང་། ཁེ་ལས། མང་ཚོགས། ཚོང་དུད། མེ་ཟོན་ས་ཚིགས་ཆུང་ངུའི་མེ་ཟོན་པ་བཅས་ལ་མེ་སྐྱོན་ཡོང་བའི་རྒྱུ་རྐྱེན་དང་། མེ་སྐྱོན་སྔོན་འགོག མེ་སྐྱོན་སེལ་ཐབས། མེ་སྐྱོན་ཁྲོད་ནས་སྲོག་ཉེན་ལས་ཐར་ཐབས་སོགས་ཀྱི་མེ་སྐྱོན་བདེ་འཇགས་ཤེས་བྱ་འགྲེལ་བཤད་བརྒྱབ་སྟེ་མེ་སྐྱོན་སྔོན་འགོག་དང་མེ་སྐྱོན་གྱི་ལས་འཛོལ་ཉུང་དུ་གཏོང་ཐབས་བྱས་ཤིང་། 

    481090_yis_1517894610631.jpg

    འདི་ནི་མེ་ཟོན་འཕྲལ་སྡོམ་གྱི་ནང་སྦྱོང་བྱ་ཡུལ་ཡིན་པ།

    ཉེ་ཆར། བོད་ལྗོངས་ཞིང་ལས་རྨང་གཞིའི་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་རྟ་མཆོག་ཞོག་ཁོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དང་སྐྱེ་ལྡན་ཞོག་ཁོག་རྒྱ་མ་ཁྲི་600ཡི་མངགས་ཐོའི་གན་འཇོག་མཛད་སྒོ་ཆུ་ཤུར་རྫོང་རྟ་དཀར་ཤང་དུ་འཚོགས་ཤིང་།

    481316_yis_1517909085748.jpg

    འདི་ནི་གན་འཇོག་མཛད་སྒོ་འཚོག་ཡུལ་ཡིན་པ།

    2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒྱ་ཆེའི་ལས་བཟོ་ཚོར་དུས་ཐོག་ཏུ་ཚོར་ཐུབ་པ་དང་ཁོང་ཚོར་སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་ཆེད། མལ་གྲོ་གུང་དཀར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“དྲོ་སྐྱིད་མཚོན་པའི”བྱེད་སྒོ་སྤེལ་རྒྱུ་དེ་ལས་དོན་གཙོ་བོ་ཞིག་ཏུ་བརྩིས་ནས་སྔོན་ལ་འཆར་གཞི་འགོད་པ་དང་ཇུས་གཞི་བཟོས་པའི་ཁར། གཅིག་སྡུད་འཚམས་འདྲི་དང་སྒོ་རྩར་འཚམས་འདྲི་བྱ་རྒྱུ་ཟུང་འབྲེལ་གྱིས་འདི་ལོའི་དྲོ་སྐྱིད་མཚོན་པའི་བྱེད་སྒོ་སྤེལ་ཞིང་།

    481315_yis_1517909084656.jpg

    འདི་ནི་མལ་གྲོ་གུང་དཀར་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་ཚོར་འཚམས་འདྲིའི་དངུལ་སྤྲོད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།