[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འཕྱོངས་རྒྱས་ཀྱི་བྲོ་གར་ལ“རི་སྐྱེས་མེ་ཏོག་གི་བྱ་དགའ”ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-09

    480650_yis_1517809822820.jpg

    ཉེ་དུས། སྐབས་བཅུ་གསུམ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་བྱ་དགའ་སྤྲོད་པའི་མཚན་ཚོགས་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་ཀྲུང་ཧྲན་དྲན་གསོ་ཁང་དུ་འཚོགས་པ་རེད། བྱ་དགའ་སྤྲོད་པའི་མཚན་ཚོགས་ལ་བོད་ལྗོངས་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་འོས་འདེམས་བྱས་པའི་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་བྲོ་གར་འཁྲབ་སྟོན་རུ་ཁག་གི་བརྩམས་ཆོས《ལྷོ་ཁའི་རྔ་བྲོ》ཞེས་པར་སྐབས་བཅུ་གསུམ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་བྱ་དགའི་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་གྱི་འཁྲབ་སྟོན་བྱ་དགའ་ཐོབ་ཡོད། ད་ཐེངས“རི་སྐྱེས་མེ་ཏོག་བྱ་དགའ”དང་ཕུལ་བྱུང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་གྱི་བྱ་དགའ་ཐོབ་པའི《ལྷོ་ཁའི་རྔ་བྲོ》ནི་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་གྲོང་མིས་འཁྲབ་སྟོན་བྱས་པའི་དམངས་ཁྲོད་ཀྱི་བྲོ་གར་ཞིག་རེད། འདི་ནི་སྐབས་བཅུ་གསུམ་པའི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་གི་བྱ་དགའ་སྤྲོད་པའི་མཚན་ཚོགས་ཐོག་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་འཇུ་གྲོང་ཚོའི་གྲོང་མིས《ལྷོ་ཁའི་རྔ་བྲོ》འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།