[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སློབ་གསོར་དམ་འཛིན་གྱིས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-24

    473389_yis_1516182470957.jpg

    སྔར་ནས་ད་བར་དུ་རང་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་ནི་ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པའི་བསམ་བློའི་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྗེས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཟུང་འབྲེལ་སྔར་བས་དམ་ཟབ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱ་རྒྱུ་གཙོ་བོར་བཟུང་བ། ཚད་ལོན་ཏང་ཡོན་གྱི་ཚད་གཞི་ལག་ལེན་བསྟར་བ་སོགས་ལ་བརྟེན་ནས་ལག་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    འདི་ནི་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྲོང་བདུན་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཞིང་འབྲོག་པ་ཏང་ཡོན་གྱིས་བསམ་བློའི་སློབ་གསོའི་དྲིལ་བསྒྲགས་སྒྲོམ་སྟེགས་སུ་རང་མིང་འགོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།