[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚོགས་འདུ་གཉིས་ཀྱི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-24

    475728_yis_1516733194234.jpg

    ཚེས་22ཉིན་གྱི་ཕྱི་དྲོ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་ཤིང་། དེ་རྗེས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

    འདི་ནི་གྲ་སྒྲིག་ཚོགས་འདུ་འཚོག་ཡུལ་དུ་ཨུ་ཡོན་ཚོས་ཚོགས་ཆེན་གྱི་གྲོས་རིམ་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་གནང་བའི་གནས་ཚུལ་ཡིན་པ།

    475727_yis_1516733193641.jpg

    རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་དུས་སུ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཐོ་བཀོད་ཅིང་། འདི་ནི་ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་ཉིང་ཁྲི་འཐུས་མི་ཚོགས་པའི་འཐུས་མིས་འབྱོར་ཐོ་བཀོད་ནས་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་ལེན་པའི་གནས་ཚུལ་ཡིན་པ།

    475726_yis_1516733191613.jpg

     ཟླ་1ཚེས་23ཉིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ལས་དོན་མི་སྣས་ཚོགས་འདུར་ཞུགས་མཁན་ཨུ་ཡོན་ལ་སྡོད་ས་འཚོལ་རོགས་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།