[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-24

    ཤོག་སྦག་བཙོང་ཡུལ་དུ་བདེ་འཇགས་ཞིབ་བཤེར་བྱས་པ། 

    475718_yis_1516733005236.jpg

    ཟླ་1ཚེས་21ཉིན་ལེའོ་ཉིང་ཏ་ལེན་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་ལུང་ཝང་ཐང་མཐའ་སྲུང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཤོག་སྦག་བཙོང་ཡུལ་དུ་བདེ་འཇགས་ཞིབ་བཤེར་བྱས་ནས་མི་མངོན་པའི་རྐྱེན་ངན་བསལ་ཏེ་དུས་ཆེན་རིང་བདེ་འཇགས་ཡོང་བ་བྱས་ཤིང་།འདི་ནི་ལུང་ཝང་ཐང་མཐའ་སྲུང་མངགས་གཏོང་ཁང་གི་དཔོན་དམག་གིས་ཤོག་སྦག་ཕྱིར་ཚོང་དང་ཉར་ཚགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    ཁྲུང་ཆིང་མྱུར་བགྲོད་གཞུང་ལམ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཞབས་ཞུའི་དྲ་རྒྱ་དངོས་སུ་སྤྱོད་འགོ་ཚུགས་པ།

    475719_yis_1516733007389.jpg

    ཉེ་ཆར། ཁྲུང་ཆིང་གྲོང་ཁྱེར་མྱུར་བགྲོད་གཞུང་ལམ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཞབས་ཞུའི་དྲ་རྒྱ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མྱུར་བགྲོད་གཞུང་ལམ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས་61ཚང་མས་སྤྱི་དམངས་ལ་གློག་གསོག་ཞབས་འདེགས་ཞུ་ཡི་ཡོད་ཅིང་།འདི་ནི་ཁྲུང་ཆིང་མྱུར་བགྲོད་གཞུང་ལམ་ལོ་ཧོང་ཞབས་འདེགས་ཞུ་ཁུལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་ས་ཚིགས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།