[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚོགས་རའི་ཕྱི་ནང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-24

    475550_yis_1516724940583.jpg

     ལོ་གསར་པ་འཆར་མ་ཐག་ཚོགས་འདུ་གཟབ་རྒྱས་འགོ་ཚུགས་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ཚེས་23ཉིན་གྱི་ཕྱི་དྲོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་འདུ་འཚོག་རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་གྱིས་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ཡིན་ཞིང་། འདི་ནི་གསར་འགོད་པས་ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་ལ་བཅར་འདྲི་བྱེད་བཞིན་པ།

    475552_yis_1516724944857.jpg

     ཟླ་1ཚེས་23ཉིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ལས་སྒྲུབ་འགྲིམ་འགྲུལ་ཉེན་རྟོག་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྒོ་རྩར་འགྲིམ་འགྲུལ་སྒྲིག་ལམ་བསྲུངས་ཏེ་ཨུ་ཡོན་ཚོ་བདེ་བླག་ངང་ཕེབས་ཐུབ་པའི་འགན་ལེན་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།