[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་དྲ་ཐོག་ཚོང་ཁང་གི་དབུལ་སྐྱོར་ལས་གཏོད་ཀྱི་ཆེད་དོན་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་གནས་ཚུལ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    ཟླ་1ཚེས་11ཉིན་སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་དྲ་ཐོག་ཚོང་ཁང་གི་དབུལ་སྐྱོར་ལས་གཏོད་ཀྱི་ཆེད་དོན་འགྲན་བསྡུར་གྱི་མཐའ་འགྲན་ལྷ་སར་མཇུག་འགྲིལ་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སོགས་ཚན་པས་གཙོ་གཉེར་བྱས་པ་ཞིག་རེད། འགྲན་བསྡུར་དེ་སྤེལ་འགོ་ཚུགས་པ་ནས་བཟུང་གཞོན་ནུའི་ལས་གཏོད་རྣམ་གྲངས་173འགྲན་བསྡུར་ནང་ཞུགས་རྒྱུར་མིང་ཐོ་བཀོད་པ་དང་། ཟླ་གཅིག་ཙམ་གྱི་གདམ་གསེས་དང་། ཐོག་མའི་འགྲན་བསྡུར། བསྐྱར་མའི་འགྲན་བསྡུར་སོགས་བརྒྱུད་མཐར་ཕུལ་བྱུང་རྣམ་གྲངས་11འབུར་དུ་ཐོན་ནས་མཐའ་འགྲན་ནང་ཚུད་ཅིང།

    471567_yis_1515733529795.jpg

    འདི་ནི་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་ཙང་ཧྲེང་ཀེ་མི་རིགས་ལག་ཤེས་བཟོ་ལས་ཀྱི་འཕེལ་རྒྱས་རྟེན་གཞིའི་རྣམ་གྲངས་ཀྱི་འཐུས་མིས(གཡོན)བྱ་དགའ་ལེན་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།