[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དགུན་དུས་སྔོ་ཚལ་འདེབས་ལ་བྲེལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-13

    471606_yis_1515737059521.jpg

    དགུན་ཁ་ཤར་ཚུན། ཧོ་པེ་ཞིང་ཆེན་ཧྥུའུ་ཁྲེང་རྫོང་གི་ཞིང་པས་ཤིང་ཏོག་དང་སྔོ་ཚལ་འདེབས་པའི་ལས་ལ་ཧུར་ཐག་ཞུགས་ནས་གཞི་ཁྱོན་ཆེ་བའི་དུས་མིན་དྲོད་ཁང་ཆེ་མོའི་ཤིང་ཏོག་དང་སྔོ་ཚལ་འདེབས་པར་གྲ་སྒྲིག་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཧྥུའུ་ཁྲེང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ས་ཁོངས་ཞིང་ལས་ཁྱད་ཆོས་ལ་གཞི་ཚུགས་ཏེ་ཤིང་ཏོག་དང་སྔོ་ཚལ་ཞིབ་ལས་ཅན་གྱི་མྱུག་གསོའི་ལག་རྩལ་ཁྱབ་གདལ་བཏང་ཞིང་། མིག་སྔར་རྫོང་དེར་ལོ་རེར་མྱུ་གུ་ཁྲི་2000ཡན་གསོ་ཐུབ་པའི་ཞིབ་ལས་ཅན་གྱི་མྱུག་གསོའི་རྟེན་གཞི་5བཙུགས་པ་དང་ལོ་རེར་སྤུས་ལེགས་མྱུ་གུ་དུང་ཕྱུར་1.2བཏབ་ནས་མུའུ་ཁྲི་15ཡི་ཤིང་ཏོག་དང་སྔོ་ཚལ་གྱི་དགོས་མཁོ་སྐོང་ཐུབ་ཅིང་། འདི་ནི་ཧོ་པེ་ཞིང་ཆེན་ཧྥུའུ་ཁྲེང་རྫོང་ཁང་མེ་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གི་ཞིང་པས་མྱུག་གསོའི་དྲོད་ཁང་ཆེ་མོར་རྒྱུན་གཏན་གྱི་གཡོག་བྱེད་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།