[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རིག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱས་ནས་གྲོང་གསེབ་ཀྱི་རིག་གནས་ལ་གསོན་ཤུགས་བསྣན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    471233_yis_1515652620270.jpg

    ཟླ་1ཚེས་9ཉིན། 2018ལོའི་དབྱིན་ཁྲོན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཁང་གིས“རིག་གནས་དམངས་ཕན་གྱིས་གསུང་རབ་རྒྱུན་འཛིན་བྱེད”ཅེས་པའི་ཟློས་གར་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད། དབྱིན་ཁྲོན་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ཁང་གིས་རོལ་དབྱངས་དང་ཟློས་གར་དགེ་རྒན་གདན་དྲངས་ཏེ་གཞི་རིམ་ནས་སླེབས་པའི་རིག་རྩལ་རྐང་འཛིན་པ་དང་རིག་གནས་དང་བླངས་པ་400ལྷག་ཙམ་ལ་དུས་ཡུན་ཉིན་10ཡི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་མཇུག་འགྲིལ་རྗེས་རིག་རྩལ་རྐང་འཛིན་པ་དང་རིག་གནས་དང་བླངས་པས་གཞི་རིམ་དུ་མི་སེར་ལ་རིན་མེད་ཀྱི་རིག་རྩལ་འཁྲབ་སྟོན་དང་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། འདི་ནི་ཟློས་གར་དགེ་རྒན་གྱིས་རིག་རྩལ་རྐང་འཛིན་པ་དང་རིག་གནས་དང་བླངས་པར་ཆིན་ཆང་ཟློས་གར་འཁྲབ་སྟངས་སློབ་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།