[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་ཀྱིས་འགྲིམ་འགྲུལ་གྱི་ཞན་ཆ་མགྱོགས་ནས་མྱུར་དུ་གསབ་པ་དང་། ལམ་དྲའི་གྲུབ་ཆ་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་བ། འགྲོ་ལམ་ཤར་གཏོང་ཐུབ་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་སྔོན་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། ཞབས་ཞུའི་རང་བཞིན་བཅས་ཀྱི་འགན་ལེན་བྱས་ཡོད།

    470650_yis_1515557923422.jpg

    ཐང་སྨད་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ལས་རྒྱལ་ལམ་318 ཀྱི་ཉེན་ཆེའི་དུམ་བུ་བདེ་ལམ་དུ་གྱུར་ཅིང་། ད་ཆ་ཟམ་གསུམ་མཉམ་སྒྲིག་གི་རྣམ་པ་ནི་རང་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་བསྡུས་རིས་ལྟ་བུ་རེད།

    470651_yis_1515557925154.jpg

    ད་ལྟ་སྐྲུན་བཞིན་པའི་ཉིང་ཁྲི་གྲོང་ཁྱེར་འབྲས་སྤུངས་ཤང་ནས་ངག་ཚང་གྲོང་ཚོ་དང་། སྤོ་གདོང་གྲོང་ཚོ། སྤ་གདེང་གྲོང་ཚོ་བཅས་སུ་སྐྱོད་པའི་ཤང་རིམ་པའི་འགྲོ་ལམ་དེར་མ་དངུལ་སྒོར་ཁྲི་5500ལྷག་ཙམ་བཏང་བ་དང་སྔོན་དཔག་བྱས་ན་འདི་ལོའི་ཟླ་བ་དྲུག་པའི་ནང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།