[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    467900_yis_1514879869059.jpg

    བོད་ཀྱི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བོད་ཀོ་ཤ་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞི་ནི། བོད་ཀྱི་གཞིས་རྩེ་གྲོང་ཁྱེར་བོད་ཀོ་ཤ་མོག་རོ་ནག་པོའི་སྣོད་བཅུད་འདེབས་འཛུགས་ཚད་ཡོད་ཀུང་སིས་ཁྱོན་མ་དངུལ་སྒོར་ཁྲི་3000བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། རྟེན་གཞི་བཙུགས་རྗེས་མོག་རོ་ནག་པོ་འདེབས་འཛུགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་པ་དང་ཆབས་ཅིག མཐའ་འཁོར་གྱི་ཞིང་དུད་ཚོར་འབབ་འཕར་ཡོང་བའི་སྐུལ་ཁྲིད་ཐུབ་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདེབས་འཛུགས་རྟེན་གཞི་དེར་ད་ཆ“ཀུང་སིས་ལག་རྩལ་འདོན་པ་དང་། ཞིང་དུད་ཀྱིས་སོ་སོའི་ཞིང་ཁར་འདེབས་འཛུགས་བྱེད་པ། ཀུང་སིས་བསྡུས་ནས་འཚོང་བའི”བྱེད་སྟངས་སྤྱོད་ཀྱི་ཡོད་ཅིང་། ཞིང་དུད་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་5000ཡོང་གི་ཡོད་པ་དང་། ད་ཆ་ཞིང་པ་16གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཅིང་། འདི་ནི་བོད་ཀོ་ཤ་མོག་རོ་ནག་པོ་འདེབས་འཛུགས་རྟེན་གཞིའི་ལས་དོན་མི་སྣས་མོག་རོ་ནག་པོ་ཉི་མར་སྐམ་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།