[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དགུན་ཁ་བོད་དུ་དུས་བྱར་ལྟ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    458768_yis_1512450782430.jpg

    དགུན་དུས་བོད་དུ་གྲང་ངར་ཆེ་མོད། འོན་ཀྱང་ནམ་མཁའ་སྔར་བཞིན་སྔོ་ཞིང་དྭངས་པ་ཞིག་ཡོད། ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་གི་སྟོན་བསྡུའི་རྗེས་ཀྱི་ནས་ཞིང་དང་། ཆུ་འགྲམ། འདམ་ར་བཅས་སུ་དུས་བྱ་མང་པོ་ཞིག་འཚོ་སྡོད་དང་ཟས་འཚོལ་བར་ཡོང་བ་དེ་གངས་ལྗོངས་ས་མཐོའི་དགུན་དུས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར།

    ཉེ་དུས་གསར་འགོད་པས་ལྷ་ས་ནས་སྣ་དཀར་རྩེ་རྫོང་དུ་སྐྱོད་སྐབས་ཡུལ་དེའི་ཞིང་པ་ཚོས་དགུན་སྒྲོལ་དུས་བྱར་ཆེད་མངགས་བཞག་པའི་ཞིང་ནང་གི་ནས་དང་གྲོ་སོགས་མཐོང་བྱུང་། དེ་ནི་ས་མཐོར་དགུན་སྒྲོལ་བྱེད་པར་ཡོང་བའི་འདབ་ཆགས་དག་ལ་མཁོ་འདོན་བྱས་པའི་ཕུན་སུམ་ཚོགས་པའི་བཟའ་འབྲུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་ཁུལ་ནི་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ ངང་སེར་སོགས་རྩ་ཆེའི་འདབ་ཆགས་རིགས་ཀྱི་དགུན་སྒྲོལ་བྱ་ཡུལ་ཞིག་ཡིན། ལོ་ལྟར་དགུན་ཁར་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་80%ཙམ་གྱིས་དེ་གའི་ལུང་གཞུང་འདམ་ར་དང་ཞིང་ནང་དུ་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དུས་བྱ་འཚོ་སྡོད་བྱ་ཡུལ་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ས་མཐོའི་མི་རྣམས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་སོང་ནས་བདག་ཏུ་མ་བཟུང་བའི་དུས་བྱའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད། དགུན་དུས་བོད་དུ་དུས་བྱར་ལྟ་བ་དེ་བོད་ཀྱི་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་གསར་པ་ཞིག་ཏུ་གྱུར། མིག་སྔར། བོད་དུ་ཤེས་རྟོགས་ཐུབ་པའི་འདབ་ཆགས་རིགས་470ལྷག་ཙམ་ཡོད་པ་དང་ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁོ་ནར་འདབ་ཆགས་རིགས་117ཡོད་པ་དེའི་ནང་མང་པོ་ཞིག་ནི་བོད་དུ་དམིགས་བསལ་དུ་ཡོད་པའི་འདབ་ཆགས་རིགས་ཡིན་ཞིང་། འདི་ནི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་འཚོ་སྡོད་བྱེད་པའི་དུས་བྱ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།