[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “དབུལ་ཞྭ”ཕུད་ནས་ཁང་པ་གསར་པའི་ནང་སྤོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    QQ截图20171206094230.png

    2017ལོའི་ཟླ་7ཚེས་13ནས་25ཉིན་བར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་ཞྭ་འབུད་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་ཚོད་སྐོར་ཚོགས་ཆུང་གིས་ཚོད་སྐོར་དཔྱད་ཞིབ་བྱས་པ་བརྒྱུད་ཁྲེང་ཀོན་ཆུས་འདི་ཉིད་རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་རང་ལྗོངས་ཀྱི་ཁག་དང་པོའི་དབུལ་ཞྭ་འབུད་པའི་རྫོང་དང་ཆུས་ཀྱི་གྲས་སུ་གྱུར་ཡོད། དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཁྲེང་ཀོན་ཆུས་དོག་སྡེ་ཤང་གི་ལི་གོ་ལེའང་ནི་ཁོང་ཚོའི་ཁྲོད་ཀྱི་གཅིག་ཡིན། གཟིགས་སྐྱོང་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་དེ་སྔ་དབུལ་པོ་ཡིན་པའི་ལི་གོ་ལེའང་གི་ཁྱིམ་མི་གུ་ཡངས་ཤིང་དཀར་ཆ་དོད་པའི་བདེ་སྡོད་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་། བཟའ་ཟླ་ཟླ་བ་སྒྲོལ་མར་ཡང་གཏན་འཇགས་ཀྱི་ལས་ཀ་རག་ནས་ད་ཆ་ལི་གོ་ལེའང་གི་ཁྱིམ་ལ་ལོར་ཡོང་འབབ་སྒོར་ཁྲི་6.4ཟིན་ཞིང་། འདི་ནི་རང་ཁྱིམ་གྱི་སྨི་ངོས་གྲུ་20ལྷག་ཡོད་པའི་མེ་ཏོག་གསོ་ཁང་ནང་ལི་གོ་ལེའང་གིས་མེ་ཏོག་ཧའེ་ཐང་ལ་གཡོག་བྱེད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།