[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དམངས་ཀྱི་གནས་ཚུལ་བརྟག་དཔྱད་བྱས་ནས་དམངས་ཀྱི་སེམས་ཁྲལ་སེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-01

    456081_yis_1511758941711.jpg

    སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་བརྩེ་བ་འཆང་བ་དང་། གནད་དོན་ལ་དམིགས་ནས་ཁྱིམ་ཚང་དང་ཞིང་ནང་དུ་བསྐྱོད་དེ། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ངང་སྙིང་གཏམ་ཤོད་པ་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་ཁོང་ཚོའི་དཀའ་ངལ་ཤེས་རྟོགས་བྱས་ཏེ་དབུལ་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་སོང་ཡོད།

    ལྷ་ས་གྲོང་ཁྱེར་སྣེའུ་ཤང་སྣེའུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དཔལ་དབྱངས(གཡོན་གྱི་དང་པོ)ཀྱིས་སྣེའུ་གྲོང་ཚོའི་སྤོས་བཟོ་གྲྭར་དཀའ་ངལ་ཡོད་པའི་དུད་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་སྤོས་ཐོན་སྐྱེད་དང་བྲིན་ཚོང་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    456080_yis_1511758940030.jpg

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ལྕང་ར་ཤར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པད་མ་རྒྱ་མཚོས(གཡས་ཀྱི་དང་པོ)གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་གྲོང་མི་ཟླ་བའི་ཁྱིམ་དུ་བསྐྱོད་དེ་འབྲུ་རིགས་གྲབས་གསོག་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།