[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • མཛེས་སྡུག་ལྡན་པའི་གྲོང་གསེབ་ཚང་མས་བསྐྲུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-01

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མདའ་རོ་གྲོང་ཚོ་རྫ་ཆུའི་གཡས་ངོགས་དང་། རྒྱལ་ལམ་317གྱི་འགྲམ་དུ་གནས་པ་དང་ཆབ་མདོ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་12ཙམ་ཡོད། ད་ཕན་ལོ་ཤས་རིང་། མདའ་རོ་གྲོང་ཚོས་རྒྱལ་ཁབ་ཀྱིས་བདེ་སྡོད་ལས་གྲྭ་ལག་བསྟར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་སོགས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ནས་ཁག་དབྱེ་སྟེ་སྟག་མ་ལའི་དབུས་སུ་ཐར་ཐོར་དུ་གནས་པའི་མེ་ལེ་ཁ་དང་། མདའ་རོ་ཁ། རུ་ཕུང་ཁ་བཅས་རང་བྱུང་གྲོང་ཚོ་གསུམ་གྱི་མང་ཚོགས་དུད་ཚང་59གྲོང་ཚོ་གསར་པར་སྤོས་པ་དང་། རྒྱལ་ཁབ་ཀྱི་ཁ་གསབ་དང་། བཤིག་སྤོའི་ཁ་གསབ། མཉམ་སྡེབ་ཀྱི་ཁ་གསབ། མང་ཚོགས་ཀྱིས་མ་དངུལ་རང་གྲབས་སོགས་ཀྱི་བྱེད་སྟངས་བརྒྱུད་སྡོད་ཁང་གསར་པ་བསྐྲུན་པ་མ་ཟད། རང་འབབ་ཆུ་ཀ་ལ་དང་གློག་སྤྱོད་རྒྱུ་བྱུང་བ་དང་ཁྱིམ་གྱི་སྒོ་རྩར་གཞུང་ལམ་ཡང་བཏིང་ཡོད།

    457053_yis_1511936496856.jpg

    འདི་ནི་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

    457054_yis_1511936498791.jpg

    འདི་ནི་ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་ལས་བྱེད་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་ཚོའི་ཁོར་ཡུག་ལ་གཙང་སྦྲ་བྱེད་བཞིན་པ།

    457055_yis_1511936500273.jpg

    འདི་ནི་སྨར་ཁམས་རྫོང་འབུམ་པ་ཤང་གིས་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཁོར་ཡུག་གཙང་སྦྲ་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།