[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཧོ་པེས། གནད་སྨིན་དབུལ་སྐྱོར་བྱས། ཕྱུག་པོ་ཆགས་ཐབས་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-30

    457005_yis_1511932626359_s.jpg

    2016ལོའི་ཟླ་2པར་ཧོ་པེ་ཞིང་ཆེན་ཡན་ཐའེ་ལས་རིགས་ལག་རྩལ་སློབ་གླིང་གིས་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁའུ་གྲོང་ཁྱེར་ཤོན་ཧྭ་ཆུས་ཐའར་ཚུན་ཤང་ཤིས་ཀྲོང་ཙེ་གྲོང་ཚོར་ཁ་གཏད་དབུལ་སྐྱོར་བྱས་ཏེ་གྲོང་མི་ཚོར་ཕྱུག་འགྱུར་ཐོན་ལས་འཆར་འགོད་བྱས་པ་དང་དེ་བཞིན“ས་ཞིང་སྤོ་རྒྱུད་ཀྱིས་བོགས་གླ་ལེན་པ་དང་། གཉེར་སྐྱོང་ནང་ཞུགས་ནས་རྐང་དངུལ་གསོག་པ། ས་ཆ་དེ་རང་དུ་གླ་པ་བྱས་ནས་གླ་ཕོགས་རག་ཐབས་བྱེད་པ”བཅས་ཀྱི་དོ་དམ་བྱེད་ཐབས་སྤྱད་དེ་མུའུ་150ཡི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་དང་མུའུ་200ལྷག་ཙམ་གྱི་སྤུས་རྟགས་དཀྱུས་འབྲུ་འཕེལ་རྒྱས་བཏང་ནས་ཐོན་རྫས་པེ་ཅིང་དང་ཐེན་ཅིང་སོགས་སུ་ཕྱིར་ཚོང་བྱས་ཏེ་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཁྲིད་སྟོན་བྱས་ཤིང་། འདི་ནི་ཉེ་དུས་ཤོན་ཧྭ་ཆུས་ཐའར་ཚུན་ཤང་ཤིས་ཀྲོང་ཙེ་གྲོང་ཚོར་བཅའ་སྡོད་ཧོ་པེ་ཞིང་ཆེན་ཡན་ཐའེ་ལས་རིགས་ལག་རྩལ་སློབ་གླིང་གི་གནད་སྨིན་དབུལ་སྐྱོར་ལས་དོན་ཚོགས་ཆུང་གི་ཁོངས་མིས་མང་ཚོགས་ལ་མ་རྨོས་ལོ་ཏོག་ཕྱིར་ཚོང་རོགས་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།