[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་སྐྱོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-30

    2016ལོའི་ཟླ་12ཚེས་15ཉིན། བོད་ཀྱི་དུད་ཚང་285དང་གྲོང་མི་1310ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་དུས་བཞིའི་བཀྲ་ཤིས་གྲོང་ཚོར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་ལུང་གཞུང་དུ་གནས་པའི་གྲོང་ཚོ་ཆུང་ངུ་དེར་དབུལ་སྒྲོལ་ཕྱུག་འགྱུར་གྱི་བདག་པོ་བསུས།

    དུས་བཞིའི་བཀྲ་ཤིས་གྲོང་ཚོར་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.43བཏང་བ་དང་གནམ་ཐང་ལམ་དང་། ལྷ་གཞིས་ལྕགས་ལམ། རྒྱལ་ལམ་318སོགས་ཀྱི་རྒྱུད་དུ་གནས་ཤིང་། ཆུ་གློག་དང་། ཉི་ཐབ། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། སྨན་བཅོས་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད།

    མིག་སྔའི་བར་དུས་བཞིའི་བཀྲ་ཤིས་གྲོང་ཚོས་སྔ་རྗེས་སུ་གྲོང་མི་སྒྲིག་འཛུགས་བྱས་ནས་ཁ་ལོ་བ་དང་། མི་རིགས་ལག་ཤེས་བཟོ་རྩལ་འཐག་ལས་སོགས་གསོ་སྦྱོང་སྣ་ཚོགས་བྱས་པར་མི་ཐེངས་456ཟིན་ཡོད།

    456903_yis_1511929469550_s.jpg

    འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མི་ཨ་ཉིས་ཁྱིམ་དུ་འཐག་ལས་བྱེད་བཞིན་ཡོད་པ།

    456904_yis_1511929471281_s.jpg

    འདི་ནི་དུས་བཞིའི་བཀྲ་ཤིས་གྲོང་ཚོའི་གྲོང་མི་ཚེ་གྲུབ(གཡོན)དང་རྒྱགས་ལོད(གཡས)ཀྱིས་མཉམ་དུ་གཉེར་སྐྱོང་བྱེད་པའི་ཚོང་ཁང་གི་མདུན་དུ་མཉམ་པར་རྒྱག་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།