[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རི་གྲོང་ནས་སྡོད་ཁང་གསར་པའི་ནང་སྤོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-13

    451533_yis_1510461160948.jpg

    རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ཆ་སྙོམས་ས་བབ་སྨི་4200སར་གནས་པས་ཞིང་འབྲོག་པའི་སྡོད་ཁང་མང་ཆེ་བ་རི་འདེབས་སུ་བསྐྲུན་ཡོད། ས་གནས་སྲིད་གཞུང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་2016ལོའི་ཟླ་བ་ལྔ་པར་རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོར་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་གི་འདུ་འགོད་ལག་བསྟར་བྱས་པ་རེད། སྔོན་དཔག་བྱས་ན། འདི་ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་60ཡི་མི་342ཚང་མ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱ་རྒྱུ་རེད། སྲིད་གཞུང་གིས་སྤོས་ཟིན་པའི་མང་ཚོགས་ལ་འབྲེལ་ཡོད་རྩལ་ནུས་གསོ་སྦྱོང་བྱས་ནས་ཁོང་ཚོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ་ཡིན་ཞིང་། འདི་ནི་ཨར་པོ་བས་ལྟག་སྒོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་ཨར་ལས་བྱེད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།