[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ས་མཐོར་འབད་འཐབ་བྱེད་བཞིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-29

    446927_yis_1509081888700_s.jpg

    2016ལོར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་དུམ་བུའི་ནུས་པ་རྒྱ་བསྐྱེད་གཏོང་བའི་སྒྱུར་བཀོད་ལས་གྲྭ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཚུན། ཆ་སྙོམས་ས་བབ་སྨི་4000ཡན་གྱི་གངས་ལྗོངས“མཁའ་ལམ”དུ་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པ་གློག་དོན་གློག་འགྱུར་ཀུང་སིའི་བརྡ་རྟགས་བུད་མེད་ལས་བཟོ་རུ་ཁག་གི་བུད་མེད་ལས་བཟོ་བཞི་པོས་སྔ་ཕྱི་བར་གསུམ་དུ་ས་མཐོའི་ཨར་པོ་རྒྱག་ཡུལ་དུ་འབད་འཐབ་བྱེད་བཞིན་ཡོད་པ་དང་ལམ་ཐིག་རྒྱུད་ཀྱི་ལས་རོགས་ཚོས་ཁོང་ཚོར“སྐལ་བཟང་མེ་ཏོག”ལས་བཟོའི་རུ་ཁག་ཅེས་འབོད་ཀྱི་ཡོད། བུད་མེད་ལས་བཟོ་བཞི་པོ་ཆ་སྙོམས་ལོ་31ཡིན་པ་དང་ཆེ་ཤོས་ནི་ལོ་34རེད། ཁོང་ཚོས་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་དུམ་བུའི་ནུས་པ་རྒྱ་བསྐྱེད་གཏོང་བའི་སྒྱུར་བཀོད་ལས་གྲྭའི་མེ་འཁོར་བབས་ཚུགས་ཁག་གི་བརྡ་རྟགས་ཁང་ལ་གློག་སྐུད་ཁྲིད་པ་དང་། ཚ་ལ་རྒྱག་པ། སྙོམས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་གཙོ་བོར་བྱེད་ཀྱི་ཡོད་ཅིང་། འདི་ནི་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་དུམ་བུའི་གཡུ་འབྲུག་ལྷ་རྩེ་ས་ཚིགས་སུ་བརྡ་རྟགས་བུད་མེད་ལས་བཟོ་རུ་ཁག་གི་བུད་མེད་ལས་བཟོ་བཞི་པོས་ས་བབ་སྨི་4100ལྷག་ཙམ་ཡོད་པའི་ཁུ་ནུ་རི་བོར་པར་རྒྱག་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།