[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཕྱར་བ་གྲུ་འདེགས་ཀྱིས་འཕེལ་རྒྱས་དོན་དུ་གཉེར། ཡང་འབད་བསྐྱར་འབད་ཀྱིས་ཞི་མཐུན་སྤྱི་ཚོགས་སྐྲུན།

    ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-17

    394552_yis_1494479190560_s.jpg

    འདི་ནི་བུད་མེད་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་པའི་གནས་ཚུལ་ཡིན་པ།

    394554_yis_1494479191605_s.jpg

    འདི་ནི་བུད་མེད་གཞི་རིམ་གྱི་འདེམས་བསྐོའི་ནང་ཞུགས་པའི་གནས་ཚུལ་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་བུད་མེད་དང་བྱིས་པའི་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དེ་དག་ལ་མངོན་གསལ་དོད་པའི་དུས་རབས་ཀྱི་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་ལྡན་པ་མ་ཟད། དུས་བབ་གསར་པའི་འོག་བུད་མེད་དང་བྱིས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། 2015ལོའི་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བུད་མེད་འཕེལ་རྒྱས་ཀྱི་ལྟ་བ་རྒྱས་བཤད་གནང་བ་དང་འབྲེལ། བུད་མེད་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ཁེ་དབང་འགན་ལེན་ཧུར་ཐག ཞི་མཐུན་བསྟུན་མཁས་ཀྱི་སྤྱི་ཚོགས་རིག་གནས་ཧུར་ཐག་གཏོད་པ། བུད་མེད་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་གཏོད་པ་སོགས་ཀྲུང་གོའི་འདོད་ཚུལ་བཞི་བཏོན་གནང་བ་རེད། ཙུང་ལི་ལི་ཁེ་ཆང་གིས་ཀྱང་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་གནང་སྟེ་གཞོན་ནུ་ལོ་ཆུང་གི་སློབ་གསོ་དང་། བུད་མེད་ལས་ཞུགས། བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་སོགས་ཀྱི་ལས་དོན་བཀོད་སྒྲིག་གནང་བ་མ་ཟད། དཀའ་ངལ་འཕྲད་པའི་བྱིས་པ་དབུལ་པོའི་ཁེ་དབང་འགན་ལེན་དང་བུད་མེད་དང་ཕྲུ་གུའི་བདེ་ཐང་སོགས་ཆེད་དོན་གནད་དོན་ལ་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་མང་འཚོགས་ནས་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་གནད་དོན་ལ་ཞིབ་འཇུག་དང་རྒྱབ་སྐྱོར་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་རང་སྐྱོང་ལྗོངས་སྲིད་གཞུང་གི་མིང་ཐོག་ནས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཐེངས་གསུམ་པར་འགྲེམས་བྱས་པ་མ་ཟད། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་གང་ཅིའི་ཐད་ནས་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱས་ཤིང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་། 2015ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས《ཏང་གི་མང་ཚོགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་ཁ་ཕྱོགས་གསལ་སྟོན་བྱས་ཏེ་མང་ཚོགས་ཀྱི་ལས་དོན་དང་བུད་མེད་དང་བྱིས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། རིམ་པ་ཁག་གི་སྲིད་གཞུང་དང་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལས་དོན་ལག་བསྟར་བྱ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”སྤྱིའི་འཆར་འགོད་དང་སྲིད་གཞུང་ལས་དོན་གྱི་ཉིན་རེའི་གྲོས་རིམ་ནང་བཞག་སྟེ་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དོན་འཁྱོལ་བཅས་བྱས་སྟབས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    394551_yis_1494479189826_s.jpg

    འདི་ནི་ཞིང་འབྲོག་ཁུལ་གྱི་བུད་མེད་ལ་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

    394550_yis_1494479189312_s.jpg

    འདི་ནི་ལས་མི་བསྡུ་བའི་བྱེད་སྒོའི་ས་གནས་ས་ཐོག་ནས་བུ་མོ་ཚོས་ལས་བསྡུའི་ཆ་འཕྲིན་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།

    394549_yis_1494479188812_s.jpg

    འདི་ནི་བུད་མེད་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་བའི་གནས་ཚུལ་ཡིན་པ།

    394547_yis_1494479187346_s.jpg

    འདི་ནི་མ་ཡུམ་ཁྲོན་པའི་རྣམ་གྲངས་ཡིན་པ།

    394548_yis_1494479188110_s.jpg

    འདི་ནི་བྱིས་པ་ལོང་བས་ལོང་ཡིག་རྒྱག་སྟངས་སྦྱོང་བའི་གནས་ཚུལ་ཡིན་པ།

    394553_yis_1494479191090_s.jpg

    འདི་ནི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་གནས་ཚུལ་ཡིན་པ།

    394546_yis_1494479186894_s.jpg

    འདི་ནི་སློབ་མ་རྣམས་བོད་ཡིག་ཡིག་གཟུགས་སྦྱོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།