[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ༢༠༡༦ལོའི་ཡར་ཀླུང་རིག་གནས་དུས་ཆེན་ཐོག་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།      |    རྩོམ་པ་པོ།   འདི་ག་དྲ་བའི་གསར་འགོད་པ་བསོད་ནམས་སྟོབས་ལགས།    |    སྤེལ་དུས།   2016-08-18

    ཡར་ཀླུང་རིག་གནས་དུས་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་མཚོན་པར་བྱ་ཕྱིར། ཟླ་8ཚེས17ཉིན་གྱི་ཞོགས་པའི་ཆུ་ཚོད་༩པའི་ཐོག་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།  

     མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ཀྱི་ངོ་མཚར་ཆེ་བའི་འགྲན་བསྡུར་རྣམ་གྲངས་དངཐུན་མོང་མ་ཡིན་པའི་རྣམ་པ་དེ་ལས་བོད་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་། རིག་གནས་ཀྱི་ཁྱད་ཆོས། ཀུན་སྤྱོད་སྲོལ་བཟང་བཅས་མཚོན་བཞིན་ཡོད། འགྲན་བསྡུར་གྱི་རྣམ་གྲངས་ནང་ཐག་འཐེན་དང་། རྡོ་འགྱོགས། གཉའ་བཅག རྡོ་སྒོར་རྒྱག་པ་སོགས་ཡོད་པ་དང་། དེ་ཐོག་ནས་ཡུན་རིང་གི་སྤྱི་ཚོགས་ལག་ལེན་ཁྲོད་བོད་མི་རིགས་ཀྱིས་གསར་གཏོད་དང་གསོག་འཇོག་བྱས་པའི་དམངས་སྲོལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མངོན་པ་མ་ཟད་ཡར་ཀླུང་བུ་ཕྲུག་གི་བསམ་པའི་ཉམས་འགྱུར་ཡང་གང་ལེགས་མཚོན་འདུག  དེར་བརྟེན་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་བོད་མི་རིགས་ཀྱི་རིག་གནས་ལོངས་སྤྱོད་གང་ལེགས་ཐུབ་ཡོད། 

    1.jpg

    འདི་ནི་རྡོ་སྒོར་རྒྱག་པའི་འགྲན་བསྡུར་འགོ་མ་ཚུགས་གོང་གི་བསང་གསོལ།

    3.jpg

    འདི་ནི་རྡོ་སྒོར་རྒྱག་པའི་འགྲན་བསྡུར་བྱེད་བཞིན་ཡོད་པ།

    5.jpg

    འདི་ནི་ཐག་འཐེན་འགྲན་བསྡུར་བྱེད་བཞིན་ཡོད་པ།

    6.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལུས་རྩལ་ཐང་ཆེན་ཡིན།


    8.jpg

    འདི་ནི་གཉའ་བཅག་འགྲན་བསྡུར་བྱེད་བཞིན་ཡོད་པ།

    9.jpg

    འདི་ནི་རྡོ་འགྱོགས་འགྲན་བསྡུར་བྱེད་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།