[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་བློ་ཁོག་ཆེན་པོས་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་དགོས།

    “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2022-06-23

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་བརྩོན་དང་འགན་འཁུར་ཕོད་པ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ། རིན་ཐང་གནས་སའང་རེད”ཅེས་དང“དམ་པ་དོན་གཉེར་ནི་གུང་ཁྲན་ཏང་མིའི་བསམ་བློ་གཏོང་སྟངས་དང་ལས་ཀའི་བྱེད་ཐབས་གལ་ཆེན་ཞིག་རེད”ཅེས་མཛུབ་སྟོན་གནང་ཡོད། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མིག་དཔེ་དྲུག”གི་ནང་། ལྗོངས་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར“དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་བློ་ཁོག་ཆེན་པོས་འགན་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་དགོས”ཞེས་བཏོན་གནང་སྟེ། ཏང་གི་འགོ་ཁྲིད་ལས་བྱེད་པར་རང་འགན་ཐེག་པ་འཁུར་ལེན་གྱི་སྒལ་པ་མཁྲེགས་པོ་དང་། ལྕགས་ལྟར་གྱི་ཕྲག་པ། འཇོན་ཐང་ངོ་མ་བཅས་ལྡན་པའི་སྦྱོང་བརྡར་བྱེད་དགོས་ལ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་ལུགས་གསལ་བཤད་བྱེད་དགོས་པའི་བླང་བྱའང་བཏོན་གནང་ཡོད།

    དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་རྒྱུད་ཞུན་བརྡར་བྱེད་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ནས། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གདོང་ལེན་པ་བྱེད་པ་དང་མིག་དཔེ་སྟོན་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

    དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་བློ་ཁོག་ཆེན་པོས་འགན་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་པར་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས། འགན་འཁྲི་འཁུར་མིན་དང་འགན་འཁུར་ཕོད་མིན་གྱི་ཐོག་ནས་ལས་བྱེད་པ་ཞིག་གི་ཏང་གཤིས་དང་སྤྱོད་ཚུལ་མཐོང་ཐུབ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པའི་ཁྲོད་རང་ཉིད་ངོ་མ་ཞུགས་ནས་རང་འགན་ཐེག་པ་འཁུར་ལེན་བྱེད་པ། མང་ཚོགས་ཀྱི་མདུན་དུ་བསྐྱོད་དེ་ལས་དོན་སྒྲུབ་པ། རིམ་པ་གཅིག་གིས་རིམ་པ་གཅིག་གི་སྣེ་ཁྲིད་པ་དང་རིམ་པ་གཅིག་གིས་བསྒྲུབས་ནས་རིམ་པ་གཅིག་ལ་སྟོན་པ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་གནས་ནི་འགན་འཁྲི་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་རང་འགན་གཙང་སྒྲུབ་ཀྱིས་བློ་གཅིག་སེམས་གཅིག་གི་སྤྱི་དོན་བསམ་པ་དང་བརྩོན་འགྲུས་ལས་བཀུར་གྱི་ལས་ཀའི་རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་པ། འགན་འཁྲི་ནན་ཏན་ངང་འཁུར་བ་དང་ཏན་ཏན་ཏིག་ཏིག་གི་སྙིང་སྟོབས་དང་རྣམ་འགྱུར་ཐོག་ནས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ཕོད་པ། བྱ་བ་སྒྲུབ་ཤེས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱེད་དགོས། མིག་སྔའི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་བརྟན་པོའི་ངང་འཕར་བ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ། ལས་ཞུགས་འགན་ལེན་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་གྱི་བླང་བྱ་བློ་བརྟན་འགྱུར་མེད་དང་མཐའ་གཅིག་ཏུ་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱས་ཏེ། ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་ནུས་པ་དང་ཆུ་ཚད་ལ་ཞིབ་དཔྱད་བྱས་ཏེ་བྱ་བ་སྒྲུབ་སྐབས་དཀའ་གནད་ལ་གཡོལ་མི་རུང་ལ་འོས་འགན་གྱི་འགན་འཁྲིར་ཡང་གཡོལ་མི་རུང་།

    དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་བློ་ཁོག་ཆེན་པོས་འགན་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་པར་གཞི་རིམ་དུ་བསྐྱོད་ནས་དོན་འཁྱོལ་ལ་དམ་འཛིན་དང་མཁྲེགས་སར་གཏུག་ཕོད་པ་བྱེད་དགོས། བྱ་གཞག་སྒྲུབ་སྐབས་ཕྱི་ཚུལ་ཙམ་མི་བྱེད་པར་ངེས་པར་དུ་ཏན་ཏན་ཏིག་ཏིག་གིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ནས་གོང་གིས་འོག་ལ་མིག་དཔེ་སྟོན་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ངེས་པར་དུ་བཀའ་འབྱོར་འཕྲལ་སྒྲུབ་པ་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། དོན་དངོས་ལ་བརྟེན་ནས་སྐད་ཆ་ཤོད་པ། གྲུབ་འབྲས་ལ་བརྟེན་ནས་སྐད་ཆ་ཤོད་པ་བཅས་བྱེད་དགོས་པ་ལས། བལྟས་ནས་སྡོད་པ་དང་། སྒུག་ནས་སྡོད་པ། འགྱངས་ནས་སྡོད་པ་བཅས་ཀྱི་ཁྲོད་དམག་འཐབ་ཀྱི་གོ་སྐབས་ཤོར་བ་དང་། གོ་སྐབས་བཟང་པོ་ཤོར་བ། གོ་སྐབས་སྔོན་ལ་ཤོར་བ་བཅས་གཏན་ནས་བྱེད་མི་རུང་ལ། བཤད་པ་དེ་སྒྲུབ་པ་དང་བྱས་པ་དེ་ཡག་པོ་སྒྲུབ་པར་བརྩི་བའང་གཏན་ནས་བྱེད་མི་རུང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་པར་ཁྲིམས་དང་མཐུན་པ་དང་། ལུགས་དང་མཐུན་པ། ནུས་ལྡན་བཅས་ཡོང་བ་བྱེད་དགོས། དུས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བསམ་བློའི་འདུ་ཤེས་དང་། ལས་ཀའི་འཇོན་ཐང་། འགོ་ཁྲིད་ཀྱི་ཆུ་ཚད་བཅས་ཀྱི་ཚོད་བགམ་གལ་ཆེན་ཞིག་རེད། ཅི་ཞིག་སྒྲུབ་དགོས་པ་དང་། ཇི་ལྟར་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་ན་ཡག་པ་ཡོད་པ་བཅས་ཤེས་རྟོགས་ཐུབ་པར་བྱས་ནས། སྤྱི་ཡོངས་སྟངས་འཛིན་དང་། བརྒྱུད་རིམ་ལྡན་པའི་ཇུས་འགོད། ཁྱོན་ཡོངས་སྐུལ་སྤེལ་བཅས་གཏོང་མཁས་པོ་བྱེད་པ་དང་། བྱེད་ཐབས་གལ་ཆེན་དང་། ལས་དོན་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ལ་དམ་འཛིན་མཁས་པོ་བྱེད་པ། ངོ་བོར་དམ་འཛིན་དང་། འགག་གནད་ལ་དམ་འཛིན། འགལ་ཟླ་གཙོ་བོར་དམ་འཛིན་བཅས་མཁས་པོ་བྱས་ནས། ལས་དོན་རྣམ་གྲངས་ཅན་དང་། ཇུས་གཞི་ཅན། གསལ་ཐོ་ཅན་བཅས་སུ་བསྒྱུར་བ་དང་། ལམ་རིས་དང་འཆར་འགོད་དཔེ་རིས་དེ་ཨར་སྐྲུན་དང་དངོས་ལྗོངས་དཔེ་རིས་ལ་བསྒྱུར་བ། ཁྲིམས་སྐྱོང་གི་བསམ་བློ་དང་། ཁྲིམས་སྐྱོང་གི་བྱེད་སྟངས། ཁྲིམས་སྐྱོང་གི་བྱེད་ཐབས་བཅས་སྤྱད་དེ་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་ཞིག་བྱེད་པར་བློ་ཁོག་ཆེན་པོས་བསམ་བློར་བཅིངས་འགྲོལ་དང་གསར་གཏོད་བྱེད་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ་དང་གསར་འབྱེད་ཡར་བརྩོན། ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་དང་ཆར་རླུང་འཚུབ་ཀྱང་མདུན་སྐྱོད་བྱེད་དགོས། དཀའ་སྡུག་བཟོད་པ་དང་མཐོང་རྒྱ་ཆེར་སྐྱེད་ཁྲོད་འཇོན་ཐང་དང་སྙིང་སྟོབས་འཕེལ་བར་བྱེད་པ་དང་། སྒྲུབ་ཕོད་པ་དང་ཡག་པོ་སྒྲུབ་པ། བསམ་ཕོད་པ་དང་། གདོང་མཆོང་ཕོད་པ། བྱེད་ཕོད་པ་བཅས་ཀྱི་ངར་ཤུགས་རྒྱུན་འཁྱོངས་བྱེད་པ། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་གཅོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་སེལ་བ། འགལ་ཟླ་ཆེན་པོ་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲོད་མདུན་དུ་བསྐྱོད་ནས་བྱས་རྗེས་བཞག་སྟེ། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་ཁྲོད་གདོང་ལེན་པ་དང་དཔེ་བཟང་བ་བྱས་ཏེ་བྱས་རྗེས་གསར་པ་འཇོག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།