[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས།

    རང་སྐྱོང་ལྗོངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-09

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྟོབས་ཆེན་གྱི་སྲིད་ཏང་ནི་རང་ངོས་གསར་བརྗེའི་ཁྲོད་ཞུན་བརྡར་ལས་བྱུང་བ་ཞིག་རེད། རང་ངོས་གསར་བརྗེ་ཕོད་པ་དང་ཏང་ནན་པོས་སྐྱོང་བ་དང་ཏང་ལ་དོ་དམ་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་སྤྱོད་ཅིག་ཡིན་ལ། རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན་ཞེས་ནན་བཤད་གནང་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དུས་ད་ལྟ་བ་ལས་འདས་མེད་པས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་དགོས།

    ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། འགག་རྩ་ཏང་དང་། རིམ་ཁག་ཏང་ཡོན་ལས་བྱེད་པ། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ལ་ཐུག་ཡོད། ཏང་འཛུགས་སྐྱོང་ནི་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ཀྱི་རིམ་ཁག་ཏང་རྩ་འཛུགས་མེད་པ་ནས་ཡོད་པའི་བར་དང་། ཆུང་བ་ནས་ཆེ་བའི་བར། ཉམས་ཞན་ནས་སྟོབས་ཆེའི་བར་བཅས་ཏང་འཛུགས་སྐྱོང་ཚན་རིག་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། ཏང་གི་སྲིད་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་སྦྲགས། སྲིད་སྐྱོང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་ཐུབ་ཡོད། མི་རིགས་ཁག་གི་མང་ཚོགས་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱས་ནས། ཕུགས་བསམ་དང་དད་སེམས་བརྟན་པོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་བ་བྱེད་པར་ངེས་པར་དུ་ཏང་འཛུགས་སྐྱོང་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་སྔ་བར་ཕྱི་གསུམ་དུ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱེད་པ་དང་། རང་རེའི་ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཉམས་མྱོང་གལ་ཆེན་གང་ལེགས་སྤྱོད་པ་དང་འབྲེལ། ཟམ་མི་ཆད་པར་འཕེལ་རྒྱས་བཏང་སྟེ་ཏང་གི་བསམ་བློ་དང་། ཏང་རྩ་འཛུགས། ཏང་གི་སྤྱོད་ཚུལ། ཏང་གི་ལུས་ཕུང་བཅས་སྔར་བས་དྭངས་གཙང་ཡོང་བ་བྱེད་དགོས།

    རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་གྱིས། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་དང་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་འཛད་མཐའ་མེད་པའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ལ་ཐད་ཀར་གཏུག་ཕོད་པ་དང་ཞན་ཆ་བསལ་ནས། བདེན་དོན་མཐའ་འཁྱོངས་དང་། ནོར་འཁྲུལ་ཡོ་བསྲང་། ཕྱོགས་ཡོངས་ནས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་རྒྱུན་མ་ཆད་པར་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱས་ཏེ་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཡོང་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་ནས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོན་པོ་ཡག་པོ་སྤྱད་དགོས། སྐྱོན་བརྗོད་དང་ལེན་ཕོད་པ་དང་བསམ་འཆར་མི་འདྲ་བ་ཉན་ནས་དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་ལ། དངོས་ཐོག་བདེན་འཚོལ་དང་མི་གཞན་ལ་སྐྱོན་བརྗོད་བྱེད་མཁས་པོ་བྱས་ཏེ་གཞན་གྱིས་སྐྱོན་ཆ་ཡོ་བསྲང་ཡོང་བར་རོགས་རམ་ཡང་བྱེད་དགོས། གྲི་དངོ་ནང་ལ་གཏད་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་སྔོན་ཐོན་དང་བསྡུར་བ་དང་། མིག་ལྟོས་ཡར་འདྲེན། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་ཡོང་བ་བཅས་བྱས་ཏེ། རང་ངོས་སུ་ལྷག་པའི་གནད་དོན་དང་ནོར་འཁྲུལ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས“ཡོ་བསྲང”མཐིལ་ཕྱིན་པ་ཐུབ་པ་དང་རང་ངོས་སུ་ལྷག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་ཤོར་བ་དང་སྣང་མེད་དུ་ལུས་སྲིད་པའི“ཁུག་ཆ”དང“སྟོང་ཆ”མཐའ་གཅིག་ཏུ་གཙང་སེལ་བྱེད་དགོས།

    རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་སྟེ། ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ཞུན་བརྡར་གྱིས་དམངས་ཆེད་དངོས་སྒྲུབ་དང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། གཞུང་སྒེར་དང་། བདེན་ཁེ། ཡིན་མིན། གཉེན་ཉེ་དང་བཅའ་ཁྲིམས། ཉེ་གཙང་། བསྲི་ཚགས་དང་རྒྱས་སྤྲོས། བདེ་སྡུག ཐོབ་ཤོར་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། རང་རྟོགས་ངང་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་འཐབ་རྩོད་བྱེད་པ་དང་། རུལ་སུངས་ལ་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་འདོད་བརྣག་རྒྱབ་སྐྱུར་གྱི་དཔོན་པོ་ཞིག་དང་། བདེན་དཔང་དྲང་གཞག་གི་ལས། བདེན་པ་བདེན་ཐུབ་ཀྱི་མི་ཞིག་བཅས་བྱེད་དགོས།

    རང་ངོས་གསར་བརྗེ་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཁྲག་རྒྱུན་ནང་བཞུར་བའི་ཆབ་སྲིད་ཀྱི་གཞི་རྒྱུ་ཡིན་ལ། རང་རེའི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་གནས་པའི་ཐབས་མཆོག་ཅིག་ཀྱང་ཡིན། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཟམ་མི་ཆད་པར་བཏང་ནས། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ལས་དོན་སྒྲུབ་སར་ལས་དོན་སྒྲུབ་ཐུབ་པའི་འགན་ལེན་བྱས་ཚེ། ང་ཚོས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་ཐུབ་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།