[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྗོད་དོན་གཙོ་བོའི་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལི་མའེ་དབྱིང་།    |    སྤེལ་དུས།   2019-11-06

    ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་བརྟག་ཞིབ་གནང་སྐབས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་གང་ཡིན་པ་དང་། སྒེར་སེམས་སྣ་ཚོགས་ཡོད་མིན་ལ་གསེད་བཀྲོལ་ཡག་པོ་བྱ་རྒྱུ་དེ་རེད། ཕྱི་ཚུལ་རིང་ལུགས་ཀྱིས་མི་ལ་གནོད་འཚེ་ཚབས་ཆེན་བཟོ་བས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས་གཙོ་བོ་ཕན་འབྲས་ལ་ལྟ་དགོས་ཞེས་བསྟན་ཡོད།

    དེས་ན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་ནི་མིག་སྔའི་ཆེས་གལ་ཆེ་ལ་ཆེས་དགོས་གཏུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ལས་འགན་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ་དང་། བོད་དུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས་དེ་བས་ཀྱང་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱས་ཚེ། གཞི་ནས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ།

    མིག་སྔར། ཚན་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས། ལྟ་སྐོར་དང་། རིག་རྩལ་འཁྲབ་སྟོན། གཙང་སྦྲ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ཡོད་པས་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡོད། ཡིན་ནའང་། “རྫུན་ཆེ་སྟོང་གསུམ”གྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ནི“སྒྲོམ་གཞི་སྟོང་པ”ཞིག་མིན་པས། ཕྱི་ཚུལ་ཙམ་ལས་ནང་དོན་ཟབ་མོ་མ་ལྡན་ན་བརྗོད་དོན་གཙོ་བོའི་སློབ་གསོར་དོན་སྙིང་གཏན་ནས་ཡོད་མི་སྲིད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་འགག་རྩ་ནི་སྔར་བཞིན་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་བྱེད་པ། དངོས་འབྲེལ་བསམ་གཞིག་བྱེད་པ་བཅས་ལ་ཐུག་པས། ངེས་པར་དུ་གནད་དོན་འཚོལ་ཞིབ་ཏན་ཏིག་དང་ཐབས་ཇུས་ལ་བསམ་བློ་གཏིང་ཟབ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་སྤྱོད་བཟང་སྒྲིག་ནན་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ལ་བརྩི་དགོས།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས། རྣམ་པ་དང་བྱ་ཐབས་མང་དུ་གཏོང་བར་མཐོང་ཆེན་བྱེད་དགོས་ལ། དེ་བས་གལ་ཆེ་བ་ནི་བྱེད་སྒོའི་ནང་དོན་འགན་ལེན་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་བརྒྱུད། གུང་ཁྲན་ཏང་ཡོན་གྱི་རང་ངོས་གསར་བརྗེ་དང་། རང་ངོས་ཡོ་བསྲང་གི་དམིགས་ཚད་འགྲུབ་ཐུབ་པ་བྱེད་དགོས། ས་གནས་མང་པོ་ཞིག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ས་ཆ་དངོས་སུ་རྟོག་ཞིབ་དང་། རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་ཉན་པ། བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་རྣམ་པ་སྣ་ཚོགས་ལ་འཁྲུག་ཆ་དོད་པོ་ཞིག་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྣམ་པ་དང་བྱ་ཐབས་སྣ་མང་ཡིན་པ་ཤོད་མི་དགོས་པ་ཡིན་མོད། འོན་ཀྱང་ཕྱི་ཚུལ་འཁྲུག་པོ་ཙམ་གྱི་སྣང་ཚུལ་མི་ཐོན་པ་བྱེད་དགོས།

    གཞན་ཡང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས། གུང་ཁྲན་ཏང་ཡོན་ལ་ངེས་པར་དུ་དད་སེམས་བརྟན་པོ་ཡོད་དགོས་པའི་ནན་བཤད་ཡང་བསྐྱར་བྱེད་དགོས། དད་སེམས་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཚེ། གཞི་ནས་བརྗོད་དོན་གཙོ་བོའི་སློབ་གསོ་མི་སེམས་ལ་ཟུག་སྟེ་ཕན་འབྲས་ཐོན་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།