[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་བསམ་པའི་འཚོ་བཅུད་གསབ་དགོས།

    ​ ——“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-17

    སློབ་སྦྱོང་སློབ་གསོ་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་བཏོན་གནང་བའི་བླང་བྱ་ཁ་གསལ་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་ངང་སྤེལ་བར་སྔ་ཕྱི་བར་གསུམ་དུ་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་ཏེ་སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་དང་། བྱེད་ཐབས་གསར་གཏོད། ལག་ལེན་དང་འབྲེལ་མཐུད་ལ་གཙིགས་ཆེན་བཅས་བྱས་ནས་དད་མོས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་ལ་དམ་འཛིན་བཅས་དངོས་འབྲེལ་བྱེད་དགོས།

    སློབ་སྦྱོང་སློབ་གསོར་དམ་འཛིན་ཡག་པོ་བྱེད་པར། དང་ཐོག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གཙིགས་ཆེན་བྱེད་པ་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཉམས་མྱོང་རྩ་ཆེན་ཞིག་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ཏང་འཛུགས་སྐྱོང་གི་གནས་བབ་ཨང་དང་པོར་འཇོག་པ་ནི་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཉམས་མྱོང་རྩ་ཆེན་ཞིག་རེད། གུང་ཁྲང་ཏང་མིའི་ངོས་ནས་བརྗོད་ན། རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་ཡོད་ཚེ། གཞི་ནས་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོང་ཐུབ་པ་དང་། རིགས་པའི་གཞུང་ལུགས་ཐད་བློ་རྩ་བརྟན་པོ་ཡོད་ཚེ། གཞི་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོང་ཐུབ་པ་དོན་དངོས་གྲངས་མེད་ལས་ར་སྤྲོད་ཐུབ་ཡོད། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོར་གྲུབ་འབྲས་བཟང་པོ་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི། སློབ་སྦྱོང་སློབ་གསོ་གཙོ་བོར་བཞག་ནས་མགོ་ནས་མཇུག་བར་ཁྱབ་པ་མཐའ་འཁྱོངས་བྱས་པ་དེ་རེད། མིག་སྔར་རང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་བརྩིས་ཏེ་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལ་དམིགས་ཏེ་བསམ་ཕྱོགས་གསར་པ་དང་། བྱེད་ཐབས་གསར་པ། བྱ་སྤྱོད་གསར་པ་བཅས་ལ་གྲུབ་འབྲས་ཐོབ་པ་བྱེད་དགོས།

    རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་གྱི་དགོངས་པ་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་དགོངས་པས་རླབས་ཆེན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་ཅིང་། རིགས་པའི་གཞུང་ལུགས་གསར་གཏོད་ཡར་རྒྱས་ཕྱིན་ཚེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱང་དེ་བས་སྤྲོས་ཤུགས་ཆེ་རུ་འགྲོ་ཐུབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་ཁྱབ་ཡོད་ལ། ལོ་རྒྱུས་དང་། དོན་དངོས། འབྱུང་འགྱུར་བཅས་ཁྱབ་པ་མ་ཟད། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཀྱང་ཁྱབ་ཡོད་པས། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད། དེས་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད་པས། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་ཀྱི་དགོངས་པ་ཞིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ངོ་བོའི་དོན་སྙིང་ལ་དམ་འཛིན། མཉམ་འདྲེས་ལག་བསྟར་བཅས་བྱས་ནས་དགོངས་པ་གལ་ཆེན་གྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། ནང་དོན་གཙོ་བོ། ཚན་རིག་དང་མཐུན་པའི་ནང་དོན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་དོན་ནང་གི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་བྱེད་ཐབས་དང་ལས་ཀའི་བྱེད་ཐབས་ལ་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱོང་བ་དང་། བསམ་བློ་གཏིང་ཟབ་བཏང་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྦྱོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། དད་མོས། འགན་འཁྲི་འཁུར་བ། འཇོན་ཐང་འཕེལ་བ། འགན་སེམས་ལྡན་པ། ངར་ཤུགས་འཕེལ་བ་བཅས་བྱེད་དགོས།

    སློབ་སྦྱོང་སློབ་གསོ་དུས་རབས་ཀྱི་རྗེས་སྙེག་པ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་དུས་བསྟུན་མདུན་སྐྱོད་དང་དུས་བསྟུན་གསར་བརྗེས་བཅས་བྱེད་དགོས། དེ་ལྟར་བྱས་ཚེ། གཞི་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་དང་དོན་སྙིང་ཁོང་དུ་དངོས་འབྲེལ་ཆུད་ཐུབ། ཇི་མ་ཇི་བཞིན་སློབ་སྦྱོང་དང་སློབ་སྦྱོང་ཡང་ཡང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དགོངས་པའི་ཆབ་སྲིད་ཀྱི་དོན་སྙིང་དང་། ཆབ་སྲིད་ཀྱི་དད་མོས། ཆབ་སྲིད་ཀྱི་བློ་གྲོས། ཆབ་སྲིད་ཀྱི་སྤྱོད་བཟང་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་སྦྱོང་བྱེད་པ་དང་། མཉམ་སྡེབ་སློབ་སྦྱོང་། ཀྲི་པུའི་བགྲོ་གླེང་། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཏིང་ཟབ་སྦྱོང་བ་དང་ཞིབ་དཔྱད། ནང་སེམས་ལ་འཇགས་པ། ཕྱི་ལག་ལེན་དུ་འཁྱོལ་བ་བཅས་བྱེད་དགོས། བྱེད་ཐབས་གསར་གཏོད་བྱས་ཏེ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་སྤྱོད་པའི་རྨང་གཞིའི་ཐོག་ཏང་ཡོན་ཚོགས་སྤྱི་མི་འདྲ་བའི་དོན་དངོས་ལ་དམིགས་ནས་སྨྱན་སྦྱོར་གསར་པའི་སྟེགས་བུ་ཁག་ཡག་པོ་སྤྱོད་པ་དང་གསོན་ཉམས་ལྡན་ལ་གསོན་ཤུགས་ལྡན་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་སྟེ་སློབ་སྦྱོང་སློབ་གསོ་རྒྱུན་གཏན་གྱི་ལས་དོན་དང་མཉམ་འདྲེས་དང་རྒྱུན་དུ་ནས་དམ་འཛིན་བྱེད་དགོས།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་བའི་དམིགས་ཡུལ་ནི་ལག་ལེན་ལ་སྐུལ་འདེད་གཏོང་བ་དང་། ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་སློབ་སྦྱོང་དང་། བསམ་བློ། སྤྱོད་པ་བཅས་འབྲེལ་མཐུད་དང་། ཤེས་སྤྱོད་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་འདུ་ཤེས་བརྟན་པོར་བཙུགས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུར་འབད་པའི་སྙིང་སྟོབས་ཀྱི་ཀུན་སྤྱོད་དང་། “བློ་བརྟན་འགྱུར་མེད་ལྔ་དང་འགན་ལེན་ལྔ”ལ་དམིགས་པ། མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་དམ་འཛིན་བྱེད་པ། ཤ་ཤོར་ལྤགས་འབུད་ལ་མི་འཛེམ་པའི་ལས་ཀའི་ངར་ཤུགས་ལྡན་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་རྩ་ལག་མཉམ་བཅོས། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། སྣོད་བཅུད་ཤེས་དཔལ། ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།