[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཐད་སྦྲེལ་ཁ་པར་ཨང་གྲངས་12345དེ་ཉིད་སྦྲེལ་ཟམ་དུ་འགྱུར་བ་བྱེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ལུའུ་ལི་ཅོན།    |    སྤེལ་དུས།   2019-10-16

    སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་སྣེ་གཅིག་ཏང་ཨུད་དང་སྲིད་གཞུང་དང་སྦྲེལ་བ་དང་། སྣེ་གཞན་ཞིག་དམངས་འཚོ་དང་དམངས་སེམས་དང་སྦྲེལ་ཡོད་པས། དེ་ནི་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་བརྟག་པ་དང་། དམངས་ཀྱི་དཀའ་གནད་སེལ་བ། དམངས་ཀྱི་བློ་གྲོས་བསྡུ་བ། དམངས་ཀྱི་སྟོབས་ཤུགས་སྒྲིལ་བ་བཅས་ཀྱི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་ལ། རྫོང་དང་ཆུས་ཁག་དང་། སྡེ་ཚན་ཁག སྤྱི་པའི་ཞབས་ཞུའི་ལས་རིགས་ཁག་བཅས་ཀྱི་ལས་དོན་སྒྲུབ་ནུས་དང་ལས་ཀའི་སྤྱོད་ཚུལ་མཚོན་པའི་གཟུགས་བརྙན་ཞིག་ཀྱང་ཡིན།

    ཐད་སྦྲེལ་ཁ་པར་བརྒྱུད་དེ་དོན་དག་བདག་སྤྲོད་དང་སྒྲུབ་གཉེར་བྱེད་པ་ལས་སྡེ་ཚན་ཞིག་དང་ཚན་པ་ཞིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་མིན་དང་། འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཇི་ལྟར་ཡོད་མིན། གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཕྱོད་ཇི་ལྟར་ཡོད་མིན་བཅས་མཐོང་ཐུབ་པས་ཐད་སྦྲེལ་ཁ་པར་དེ་ནི་ལས་ཁུངས་ཀྱི་སྤྱོད་ཚུལ་དང་ལས་ཕྱོད་འཛུགས་སྐྱོང་ཟབ་གཏོང་ལ་ལྟ་དཔྱད་བྱ་ཡུལ་གལ་ཆེན་ཞིག་རེད་ཅེས་བརྗོད་ཆོག

    ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་མི་དམངས་མང་ཚོགས་ཚོ་བློ་ཡིད་ཚིམ་པའི་ཐད་སྦྲེལ་ཁ་པར་ཡག་པོ་གཉེར་བར་མུ་མཐུད་གཞོལ་དགོས་པ་དང་མུ་མཐུད་མང་ཚོགས་ཀྱི་འབོད་སྒྲ་དག་བརྡ་རྟགས་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་རེ་ཞུ་དག་གདམ་ག་དང་པོར་བརྩི་བ། མང་ཚོགས་ཀྱི་ཁ་པར་རེ་རེ་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ལྷ་སར་འཚོ་བ་སྐྱེལ་བའི་མང་ཚོགས་ཚོའི་བདེ་སྐྱིད་ཚོར་སེམས་དང་། ཐོབ་ཚོར། གཏོགས་སེམས་བཅས་སྔར་བས་ཆེ་རུ་བཏང་ནས་ཐད་སྦྲེལ་ཁ་པར་ཨང་གྲངས་12345དེ་མང་ཚོགས་དང་སྲིད་གཞུང་དབར་གྱི“སྦྲེལ་ཟམ”ལ་དངོས་སུ་འགྱུར་བ་བྱེད་དགོས་པ་སྨྱུག་འཛིན་པས་ངོས་འཛིན་བྱེད་ཀྱི་ཡོད།

    ཡོངས་བསྒྲགས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་སྔར་བས་བསྡུ་སྒྲིལ་བྱེད་དགོས་ཤིང་། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕྱི་ཕྱོགས་ལ་ཡོངས་བསྒྲགས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ་སྲིད་གཞུང་གི་ཐོན་ཁུངས་གྲོན་ཆུང་དང་། སྲིད་གཞུང་གིས་དམངས་ལ་ལས་དོན་སྒྲུབ་པའི་གཟུགས་བརྙན་གསར་པ་ལེགས་སུ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གཅིག་གྱུར་དོ་དམ་བྱེད་བདེ་བ་བཅས་ཡོང་ཆེད། སྡེ་ཚན་ཁག་གི་ཕྱི་ཕྱོགས་ཡོངས་བསྒྲགས་ཁ་པར་དཔེར་ན། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཁ་པར་ཨང་གྲངས་12315དང་། ཟོག་གོང་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་12358 ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ལྟ་སྐུལ་ཁ་པར་ཨང་གྲངས་12369 གྲོང་ཁྱེར་འཛུགས་སྐྲུན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12319 རིག་གནས་ཁྲོམ་རའི་ཐེར་འདོན་ཁ་པར་ཨང་གྲངས་12318སོགས་བསྡུ་སྒྲིལ་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན།

    དཀའ་གནད་ཆེ་བའི་དོན་དག་ཐག་གཅོད་ཀྱི་ལམ་སྲོལ་མུ་མཐུད་སྙོམ་སྒྲིག་བྱེད་དགོས་ཤིང་། གྲོང་ཁུལ་དུ་སྒྲིག་འགལ་འཛུགས་སྐྲུན་གྱི་གནད་དོན་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་། ལྷ་ས་གྲོང་ཁྱེར་མཉམ་འགུལ་ཉིང་ལག་རུ་ཁག ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་སོགས་སྡེ་ཚན་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ་འགན་འཁྲིའི་བྱེད་པོ་ཁ་གསལ་བཟོ་བ་དང་ལམ་སྲོལ་སྒྲིག་སྲོལ་སྙོམ་སྒྲིག་བྱེད་དགོས།

    ཕུགས་ཕན་ལམ་སྲོལ་འཛུགས་པའི་ཐད་མུ་མཐུད་དཀའ་གནད་ཆེ་བའི་དོན་དག་ཁྲོད་ཐོན་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དེ་མཚུངས་ཀྱི་དོ་དམ་ལམ་ལུགས་དུས་ཐོག་ཏུ་བཟོ་བ་དང་། ཟླ་རེ་བཞིན་བརྡ་ཁྱབ་གཏོང་བ་དང་རིམ་ཁག་སྲིད་གཞུང་གི་ལྟ་བཤེར་ཁང་ལ་གནད་དོན་གྱི་གསལ་ཐོ་སྐྱེལ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་12345ལས་སྟེགས་ཀྱི་ལྟ་སྐུལ་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།