[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྐྱོར་གྱི་རྒྱུན་མཐུད་འབབ་འཕར་ཐབས་ལམ་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཞེ་ཝུའེ།    |    སྤེལ་དུས།   2019-08-16

    ཡུལ་བབ་དང་བསྟུན་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་རང་བརྟེན་རྣམ་པའི་འཕེལ་རྒྱས་ཡོང་བར་བྱས་ཏེ་མང་ཚོགས་དབུལ་པོས་ལས་ཞུགས་ཀྱི་རྩལ་ནུས་སྦྱོང་བ་དང་། ཕྱུག་འགྱུར་གྱི་ལམ་བུ་གཏོད་པ། དབུལ་སྒྲོལ་ཐབས་ལམ་གཏོད་པ་བཅས་ལ་རོགས་རམ་བྱ་རྒྱུ་ནི་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པའི་གཞི་རྩའི་ཐབས་ཇུས་ཤིག་ཡིན་ལ། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་དེ་བས་ཀྱང་རེད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། གཅིག་ནས་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་ཅན་གྱི་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་དང་། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་གྱི་སྒོ་ནས་ལེགས་སྒྲིག་བྱེད་པའི་ནང་དོན་གཙོ་བོ་ཞིག མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་དང་ཁོང་ཚོར་རྒྱུན་མཐུད་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་བཅས་རེད།

    གཉིས་ནས་ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “རྩལ་ནུས་ལྡན་པ་དང་། ལས་ཞུགས་ཐུབ་པ། དངུལ་ཡོད་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ནས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། མངགས་ཐོ་དང་། མཉམ་ཞུགས། ཁ་ཕྱོགས་གཏན་འཁེལ་སོགས་ཀྱི་བྱེད་སྟངས་སྤྱད་དེ་གསོ་སྦྱོང་ལས་དོན་དེ་རྣམ་གྲངས་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་རེ་འདུན་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ་ཐབས་ལམ་མང་བ་དང་། རིམ་པ་མང་བ། བྱེད་ཐབས་མང་བ་བཅས་ཀྱི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་མ་ལག་བཙུགས་ཏེ་མང་ཚོགས་དབུལ་པོའི་ཁྲོམ་རའི་འདུ་ཤེས་དང་། ལས་གཏོད་ནུས་པ། ཕྱུག་འགྱུར་གྱི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས།

    གསུམ་ནས་བསམ་བློའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་བྱེད་པར་ངེས་པར་དུ་སྔོན་ལ་བློ་སྐྱོར་བྱེད་དགོས་པ་དང་། “དངུལ་མང་པོ་ཡོང་བར་སྔོན་ལ་བསམ་བློ་ཕུན་སུམ་ཚོགས་སུ་གཏོང་རྒྱུ”མཐའ་འཁྱོངས་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས་ས་ཁུལ་དབུལ་པོའི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔོག་འདོན་ཧུར་ཐག་བྱ་རྒྱུར་སྐུལ་ལྕག་དང་། ཁྲིད་སྟོན། རོགས་རམ་བཅས་བྱས་ནས་གཞན་འགུལ་ནས་རང་འགུལ་དུ་བསྒྱུར་བ་དང་ལུགས་ངན་སྲོལ་རྙིང་དོར་ཏེ་བསམ་བློ་རང་ཚུགས་ཐུབ་པ་དང་། སྟོབས་ཆེར་གཏོང་བ། དར་རྒྱས་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་འཕེལ་བར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།