[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་ཁྲིད་སྟོན་ཁ་འབྲལ་ཐབས་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   དབན་ཅིང་།    |    སྤེལ་དུས།   2019-08-16

    དབུལ་སྒྲོལ་འགག་སྒྲོལ་དང་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག“ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་ནི་ས་ཁུལ་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཉམས་མྱོང་གལ་ཆེན་ཞིག་རེད”ཅེས་གསུངས་ཡོད། སྨྱུག་འཛིན་པས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཚེ། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཞི་ནས་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་སྟོབས་ཤུགས་འདོན་སྤེལ་ཡག་པོ་ཐུབ་ནས་གནད་སྨིན་དབུལ་སྐྱོར་ལ་སྣེ་ཁྲིད་ཡག་པོ་ཐུབ་པ་དང་གཞི་ནས་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཏང་ཡོན་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཡག་པོ་གཏོང་ཐུབ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་རྐང་དུ་འཛིན་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ཧུར་ཐག་བྱེད་པ། རྒྱལ་ཁབ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་འདོད་པའི་ཕུལ་བྱུང་གི་ཤེས་ལྡན་པ་གཅིག་སྡུད་ཧུར་ཐག་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གོང་བཀུར། སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྐོ་བཞག་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད། སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། ཕུལ་བྱུང་གི་ལས་བྱེད་པའི་དཔུང་ཁག་གིས་དེ་བས་ལེགས་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་དེ་བས་ཡག་པོ་འདོན་དགོས།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་ཏང་ཡོན་གྱི་འཇོན་ཐང་འདོན་སྤེལ་ཡག་པོ་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་རང་མོས་ངང་གྲོས་འགོ་འདོན་པ་དང་མ་དངུལ་ཞལ་འདེབས་དང་བསྡུ་རུབ་བྱས་ཏེ་དུད་ཚང་དབུལ་པོར་རོགས་སྐྱོར་བྱས་ཡོད། “ཤང་གཅིག་ལ་སྤྱི་ཚོགས་རྩ་འཛུགས་གཅིག”དང“གྲོང་ཚོ་གཅིག་ལ་མཉམ་ལས་ཁང་གཅིག”གི་རྣམ་གྲངས་ནང་ཞིང་འབྲོག་པ་ཏང་ཡོན་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ“མཉམ་ལས་རྩ་འཛུགས་དང་། ཏང་རྩ་འཛུགས། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱིས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།

    ཏང་ཡོན་ལས་བྱེད་པས་དབུལ་སྐྱོར་འགན་འཁྲི་འཁུར་ཏེ་ཆ་སྒྲིག་རོགས་སྐྱོར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་གོམ་སྟབས་ལ་སྐུལ་ཁྲིད་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ལམ་ལུགས་འོས་འཚམ་བཟོས་པ་དང་ཏང་ཡོན་ལས་བྱེད་པས་རང་འགན་གཙང་སྒྲུབ་བྱས་ནས་དུད་ཚང་དབུལ་པོར་སྒུལ་ཤུགས་གསར་པ་དང་བསམ་བློ་གསར་པ་བསྣན་ཏེ་དུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་ཡིད་ཆེས་འཕེལ་བར་སྐུལ་འདེད་བཏང་ཡོད།

    ཏང་གི་གསུང་སྒྲ་སྒྲོག་འགྲེལ་དང་བརྒྱུད་བསྒྲགས་བྱས་ཏེ་ཏང་གཤིས་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་སྐོང་འཐེན་བྱས་པ། མང་ཚོགས་དབུལ་པོའི“སྒུག་རྟེན་སློང་གསུམ”གྱི་བསམ་བློར་རིམ་བཞིན་འགྱུར་ལྡོག་བཏང་བ། དབུལ་སྒྲོལ་བྱེད་པོའི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ། “གཞན་བརྟེན”ནས“རང་བརྟེན”དུ་སྒྱུར་བ་བཅས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སྒུལ་ཤུགས་བསྣན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།