[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སློབ་གསོའི་གཡུལ་ས་བརྟན་པོར་བསྲུངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རམ་འདེགས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་སྒྲོལ།    |    སྤེལ་དུས།   2019-08-14

    མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གཡུལ་ས་གལ་ཆེན་ཞིག་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གཏོད་པའི་གཞི་རྟེན་ནུས་ལྡན་དང་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དེའི་གལ་ཆེའི་རང་བཞིན་ནི་སྨོས་མི་དགོས་པ་ཞིག་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་པ་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་མ་ལག་གི་འདུ་འགོད་ཅིག་ཡིན་པས་འཐབ་ཇུས་ཀྱི་མཐོ་ཚད་ནས་བསམ་གཞིག་བྱེད་པ་དང་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ཐོག་མར་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་སྤྱི་ཡོངས་རང་བཞིན་དང་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱི་ཧུར་སེམས་གང་ལེགས་འཕེལ་བར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་བྱ་གཞག་ནང་མཉམ་དུ་ཞུགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ས་ཁུལ་འགའ་ཤས་སམ་ཡང་ན་སྡེ་ཚན་འགའ་ཤས་ཙམ་མིན་པར་ཁྱབ་ཁོངས་ཁག་གི་མཉམ་ཤུགས་བཏོན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཐུན་མོང་དུ་སྐུལ་འདེད་གཏོང་དགོས།

    གཉིས་ནས་ནང་དོན་ཕུན་སུམ་ཚོགས་པོ་དགོས་ཤིང་། རྒྱུ་རྐྱེན་མང་དག་གིས་རྐྱེན་པས་ས་ཁུལ་དང་སྡེ་ཚན་འགའ་ཤས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་བྱེད་སྒོ་སྤེལ་རིང་ཨུ་ཚུགས་ཀྱིས་སློབ་པ་དང་གཅིག་བཤད་བརྒྱ་ལུས་ཀྱི་འཕེལ་ཕྱོགས་གཉིས་ཐོན་པ་དེ་དག་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཕན་ཐོགས་རྩ་བ་ནས་མེད། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ནང་དོན་ལ་ཞིབ་འཇུག་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱས་ནས་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་སྒོས་སློབ་གསོ་གཏོང་ཡུལ་གྱི་དགོས་མཁོ་དང་མཐུན་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ནང་དོན་འགོ་འཛུགས་སར་བྱས་ཏེ་སློབ་གསོའི་ནང་དོན་ལ་ཞིབ་ཅིང་ཕྲ་བའི་གསེད་བཀྲོལ་དང་ཕྱོགས་བསྡུས་གདམ་གསེས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པས་དེའི་ནང་དོན་ནས་བལྟས་ཚེ“མཐུན་སྒྲིལ”དང“ཡར་ཐོན”གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། དེ་ལྟར་བྱེད་པར་ངེས་པར་དུ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་། ལོ་རྒྱུས། དོན་དངོས་སོགས་ཀྱི་ཐད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་ནང་དོན་དང་མ་ལག་འཚོལ་ཞིབ་གཏིང་ཟབ་བྱེད་དགོས།

    གསུམ་ནས་གཞི་རྟེན་གསར་གཏོད་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དེ་ཉིད་རྙོག་འཛིང་ཆེ་བའི་སྤྱི་ཚོགས་རང་བཞིན་གྱི་བརྒྱུད་རིམ་ཆ་ཚང་བའི་འདུ་འགོད་ཅིག་ཡིན་པས་འབྲེལ་གཏུག་ལ་ཤུགས་སྣོན་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ་ཕུད། ད་དུང་སློབ་གསོའི་གཞི་རྟེན་གསར་གཏོད་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དེ་ཉིད་དེང་སྐབས་ཀྱི་ལོ་རྒྱུས་ཕྱོགས་མཚམས་སུ་བཞག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཕྱོགས་བསྡུས་དང་། ལག་ལེན། གསར་གཏོད་བཅས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱེད་དགོས། སྤྱི་ཚོགས་ལ་སྣང་ཆེན་དང་། འཚོ་བ་འབུར་དུ་ཐོན་པ། ཕྱོགས་བསྡུས་མངོན་གསལ་དོད་པ་སོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཐེབས་ཤུགས་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ཉིད་སྤྱི་པའི་འཚོ་བ་དང་། ལས་རིགས་ཀྱི་འཚོ་བ། ཁྱིམ་ཚང་གི་འཚོ་བ། དྲ་རྒྱའི་འཚོ་བ་བཅས་དང་སྦྲེལ་མཐུད་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཆུ་ཚད་མཐོ་རུ་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།