[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་དབང་མོ།    |    སྤེལ་དུས།   2019-07-10

    གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ངོ་མས་སྐུལ་འདེད་གཏོང་བ་དང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་དམག་འཐབ་ཅིག་ཡིན་པ་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལས་འགན་གཙོ་བོ་ཞིག་ཀྱང་རེད། དམག་འཐབ་ཡག་པོ་བརྒྱབ་ནས་རྒྱལ་ཁ་ལེན་དགོས་ན། སྨྱུག་འཛིན་པས་བལྟས་ན་ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་བཅས་བྱེད་དགོས། 

    དང་པོ། བྱེད་པོའི་འགན་འཁྲི་འདོན་སྤེལ་གྱིས་སྤྱི་འདོམས་སྐུལ་སྤེལ་བྱེད་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་བྱེད་པོ་ནི་ཞིང་འབྲོག་མང་ཚོགས་ཡིན་ལ་བྱེད་པོའི་ནུས་པ་འདོན་པ་དང་བྱེད་པོའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། མང་ཚོགས་ལ་སློབ་གསོ་བརྒྱབ་ནས་འཚོ་བའི་གོམས་སྲོལ་ངན་པ་བསྒྱུར་བ་དང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་རང་འགུལ་ངང་གྲོང་གསེབ་ཀྱི་གཙང་སྦྲའི་བྱ་སྤྱོད་ལ་ཞུགས་དགོས། དེ་དང་ཆབས་ཅིག“གསང་སྤྱོད་གསར་བརྗེ”སོགས་ལས་ཀར་དམ་འཛིན་གང་ལེགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་སྤྱི་པའི་ཞབས་ཞུ་སྔར་བས་སྤུས་ལེགས་ལོངས་སྤྱོད་ཐུབ་པར་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཧུར་ཐག་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞན་ཡང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་དང་། དཔེ་མཚོན་ཡག་པོ་དང་། ཉམས་མྱོང་ཡག་པོ། སྒྲུབ་སྟངས་ཡག་པོ་བཅས་དྲིལ་བསྒྲགས་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ཉུང་གཏོང་དང་བསྐྱར་སྐྱེ་ཐོན་ཟོག་བེད་སྤྱོད་སོགས་ཀྱི་འབྱུང་འཕྲོད་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་དོ་ཁུར་དང་། རྒྱབ་སྐྱོར། དེར་ཞུགས་པ་བཅས་ཀྱི་སྣང་ཚུལ་ཡག་པོ་ཆགས་རྒྱུར་གཞོལ་དགོས། 

    གཉིས་པ། དམིགས་ཚད་བཟོས་ཏེ་རིགས་དབྱེའི་སྒོ་ནས་ཇུས་བསྟར་བྱེད་དགོས། དཔེར་ན། ལྷོ་ཁ་གྲོང་ཁྱེར་གྱི་ངོས་ནས་བཤད་ན། གྲོང་ཚོ(གྲོང་ལྷན)གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་རིགས་དང་། ཁྱད་ལྡན་སྲུང་སྐྱོང་རིགས། བཤིག་སྤོའི་རིགས་བཅས་ཀྱི་གྲོང་ཚོའི་རིགས་སུ་ཕྱེ་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་རྨང་གཞི་དེ་བས་ལེགས་པོ་འདིང་དགོས། དེ་དང་དུས་མཚུངས་ད་དུང་ཤང་དང་གྲོང་ཚོའི་གནས་སྟངས་དང་མི་འབོར་གྱི་དཔལ་འབྱོར་གྲུབ་ཆའི་ཁྱད་ཆོས་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་བཙོག་ཆུ་རིགས་དབྱེ་གཙང་བསིང་བྱེད་ཐབས་དང་བཙོག་ཆུ་གཙང་བསིང་གི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ལག་བསྟར་ཇུས་གཞི་བཟོ་དགོས། 

    གསུམ་པ། བསམ་ཕྱོགས་གསར་གཏོད་དང་སྙིགས་རོ་ཕན་ཡོད་དངོས་པོར་འགྱུར་བར་བྱེད་དགོས། སྲིད་ཇུས་བཏོན་ནས་ཞིང་འབྲོག་ཁུལ་ཁོ་ནར་ཡོད་པའི“སྙིགས་རོ”ཐོན་ཁུངས་སུ་འགྱུར་བའི་བྱ་སྤྱོད་ལ་སྐུལ་མ་གཏོང་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།