[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་དང་ས་ཁུལ་དབུལ་པོའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ཐབས་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”གྱི་འཐབ་ཇུས་བཀོད་སྒྲིག་གི་ནང་དོན་གལ་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་བརྗོད་དོན་ཡང་ཡིན། 

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དགེ་མཚན་ཆེ་རིགས་རྒྱ་ཆེ་རུ་གཏོང་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་འགྲན་རྩོད་ཀྱི་ནུས་པ་ཆེ་བ་དང་། མང་ཚོགས་དེའི་ནང་ཞུགས་མང་བ། རྒྱུན་མཐུད་འབབ་འཕར་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། 

    དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས་བྱས་ཏེ་དོན་དངོས་ནས་འགོ་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དགེ་མཚན་ཆེ་རིགས་དང་འཕེལ་རྒྱས་ཀྱི་འགག་གནད་འཚོལ་ཞིབ་བྱེད་དགོས།  པད་ནག་གྲོང་ཚོ་ནི་ལྷ་སའི་ཉེ་འཁོར་དུ་གནས་ཡོད་པ་དང་རྒྱལ་ལམ་318དང་འབྲེལ་ཡོད་པས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཡག་པོ་ཡོད། ས་ཆ་དེར་ཡུལ་ལྗོངས་མཛེས་པ་དང་མི་སྡོད་ལ་འཚམ་པས་གླིང་ཁ་དང་སྤྲོ་གསེང་བྱེད་ཡུལ་ཡག་པོ་ཞིག་ཡིན། གཞན་ཡང་པད་ནག་གྲོང་ཚོའི་སྲོལ་རྒྱུན་ཟངས་རྡུང་ལག་རྩལ་སྐད་གྲགས་ཆོད་པས་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁུལ་ཡིན། ས་ཆ་དེར་ད་དུང་བོད་ཀྱི་དམངས་ཁྲོད་དུ་ཁྱབ་པའི་བློ་རིག་བཀྲ་བའི་ཨ་ཁུ་སྟོན་པའི་ཕ་ཡུལ་ཀྱང་ཡིན། དེ་དག་ཚང་མས་པད་ནག་གྲོང་ཚོས་གྲོང་ཁྱེར་ཉེ་འཁོར་གྱི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་གྲོང་གསེབ་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ཁྱད་དུ་འཕགས་པའི་ཐོན་ཁུངས་དང་དངོས་ཡོད་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། 

    དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས་བྱེད་པའི་འགག་རྩ་ལེགས་ཆ་ཆེ་རུ་གཏོང་བར་ཐུག་ཡོད། པད་ནག་གྲོང་ཚོ་གནས་སའི་སྟག་རྩེ་ཆུས་སྲིད་གཞུང་གིས་མཉམ་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པ་དང་མ་རྩ་མཉམ་བསྡུ་བྱས་ཏེ་སྟོན་པ་རིག་གནས་ཡུལ་སྐོར་ཀུང་སི་བཙུགས་པ་དང་། ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་པེ་ཅིང་གི་སློབ་ཆེན་32དང་མཉམ་འབྲེལ་ཐོག་རིག་གནས་དང་། ཡུལ་སྐོར། མ་དངུལ། ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐོན་ཁུངས་གཙོ་བོ་བསྡུ་སྒྲིལ་བྱས་ཏེ་པད་ནག་ལུང་ཤུར་མངོན་མིན་རིག་གནས་ཐོན་ལས་གླིང(བོད་ལུགས་གསོ་རིག)དང་པད་ནག་ལུང་ཤུར་A4མཛེས་ལྗོངས་ཁུལ(གླིང་གཅིག་དང་མཛེས་ལྗོངས་ཁུལ་1)མཉམ་དུ་སྐྲུན་པ་དང་ཆབས་ཅིག དེའི་དགེ་མཚན་ཆེ་རིགས་རྒྱ་ཆེ་རུ་བཏང་ནས་ཐབས་སྒྱུར་གོང་འཕེལ་དང་ཁྱད་ཆོས་མངོན་གསལ་དོད་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། 

    དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས་བྱེད་པར“མྱུར་འགྲུབ”ཐད་འབད་བརྩོན་བྱེད་དགོས་ལ“ཕུགས་ཕན”གྱི་ཐབས་ཇུས་ཀྱང་འཚོལ་དགོས། པད་ནག་གྲོང་ཚོའི་ཁྱད་ལྡན་ལེགས་ཆར་བརྟེན་ནས་པད་ནག་གྲོང་ཚོ་ཏང་ཨུད་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་ནས“དཀའ་སྤྱད་ལས་ལ་བཞོལ་བ་ལས་ཉི་མ་གང་འཁྱོལ་མི་བྱེད”པར་མང་ཚོགས་ཀྱི་འདེབས་འཛུགས་དང་ཡུལ་སྐོར་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་འབྲི་ཏ་ས་འཛིན་འདེབས་འཛུགས་དང་། བོད་བྱ་དང་། ལུག བཞོན་མ་གསོ་ཚགས་སོགས“མྱུར་འགྲུབ”ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ཐོབ་ཐབས་བྱས་ཡོད། གཞན་ཡང་ཕུགས་ཕན་གྱི་ཇུས་བཀོད་བྱས་ནས“རང་བརྟེན”ལ་མཐོང་ཆེན་བྱས་ཏེ་ཨ་ཁུ་སྟོན་པའི་འཁྲུངས་ཡུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཕུགས་ཕན་གྱི་ཐོན་ལས་ཀྱིས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་འོད་ཟེར་སྟོང་ལྡན་གྱི་ལམ་བུ་བཏོད་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།