[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་གསེབ་དར་རྒྱས་གཏོང་ཆེད་རང་ནུས་གང་ཡོད་འདོན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཧྥེ་ཚུང་།    |    སྤེལ་དུས།   2019-05-15

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རིག་གནས་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་བླ་སྲོག་ཡིན་ཞེས་བསྟན་ཡོད། རིག་གནས་དར་ཚེ་རྒྱལ་ཁབ་དར་བ་དང་རིག་གནས་སྟོབས་ཆེར་ཕྱིན་ཚེ་མི་རིགས་སྟོབས་ཆེར་འགྲོ་སྲིད། རིག་གནས་ཀྱི་གདེང་ཚོད་ཆེན་པོ་མེད་པ་དང་རིག་གནས་དར་རྒྱས་གོང་འཕེལ་བྱུང་མེད་ཚེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད།

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་རྒྱ་ཅུང་འཐུས་སྒོ་ཚང་པོ་བཙུགས་ཡོད། འོན་ཀྱང་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ཁྲོད་ད་དུང་སྟོང་ཆ་དང་མི་འདང་ས་མང་པོ་ཡོད། སྨྱུག་འཛིན་པས་གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་ཆེད་རང་ནུས་གང་ཡོད་འདོན་དགོས་པའི་ངོས་འཛིན་བྱས།

    གཞི་རིམ་གྱི་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཞིང(འབྲོག)པའི་དཔེ་དེབ་ཁང་བཙུགས་པ་དེས་ཞིང་འབྲོག་པའི་བསམ་པའི་དགོས་མཁོ་བསྐངས་ཡོད་ལ་ཞིང་འབྲོག་ལས་ཀྱི་ལག་རྩལ་ཐད་དེ་བས་རོགས་རམ་ཡག་པོ་ཐུབ་ཡོད། རིག་གནས་བྱེད་སྒོ་སྤེལ་ཡུལ་བཙུགས་པ་དང་རིག་གནས་བྱེད་སྒོ་སྤེལ་བ་དེས་ཞིང་འབྲོག་པའི་རིན་ཐང་གི་ལྟ་བར་རིམ་བཞིན་འགྱུར་ལྡོག་ཕྱིན་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་གསར་པ་བཏོད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐུབ་ཡོད།

    གཞི་རིམ་གྱི་རིག་གནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དྲ་སྦྲེལ་གྱི་དུས་རབས་འཕེལ་རྒྱས་འགྲོ་བ་དང་སྦྲགས་གཞི་རིམ་ནས་ཡོང་པའི་རིག་རྩལ་གྲགས་ཅན་མི་སྣ་མང་པོ་ཞིག་སྤྱི་དམངས་ཀྱི་མཐོང་ཆོས་སུ་གྱུར་བ་དེས་ཀྱང་གཞི་རིམ་གྱི་རིག་གནས་དཔུང་ཁག་འཛུགས་སྐྱོང་ལས་དོན་ལ་བློ་སྒོ་མང་པོ་ཕྱེ་ཡོད། གཞི་རིམ་གྱི་རིག་གནས་སྣེ་ཁྲིད་པ་དང“སྤྲོ་སེམས་ཡོད་མཁན”སྐྱེད་སྲིང་ཧུར་ཐག་བྱས་ཏེ་དེའི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་གྱིས་རིག་གནས་ཚོགས་པ་སྣ་ཚོགས་བཙུགས་ནས་དགེ་མཚན་འདོན་སྤེལ་བྱ་ཡུལ་ཡག་པོ་བསྐྲུན་ཏེ་དེ་དག་ཞིང་འབྲོག་ཁུལ་གྱི་རིག་གནས་བྱེད་སྒོ་སྤེལ་མཁན་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་མཁན་གཙོ་ཤུགས་དམག་ཏུ་འགྱུར་བ་བྱེད་དགོས།

    རིག་གནས་བྱེད་སྒོའི་འདྲེན་རྟེན་གསར་གཏོད་བྱེད་དགོས། ས་ཆ་དེ་གའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོའི་ཁྱད་ཆོས་གསལ་རྟོགས་བྱས་ཏེ་མང་ཚོགས་ཀྱི་རིག་གནས་དགོས་མཁོ་དངོས་ཤེས་རྟོགས་བྱེད་པ་དང་། རིག་གནས་བྱེད་སྒོ་སྤེལ་ཡུལ་སྤྱོད་ཚད་མང་དུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་བྱེད་སྒོར་ཁས་ལེན་བྱེད་ཚད་དང་ཞུགས་ཚད་མང་དུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་རིག་གནས་གྱི་གཡུལ་ས་དེ་ཞིང་འབྲོག་མང་ཚོགས་ཡོང་འདོད་པ་དང་། ཡོང་རྒྱུར་དགའ་བ། རྟག་ཏུ་ཡོང་བ་བཅས་ཀྱི་རིག་གནས་ཀྱི་ཁྱིམ་གཞིས་སུ་འགྱུར་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།