[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་སྡོད་ལས་བྱེད་པས་ལས་དོན་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྤེལ་བར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲུའུ་ཝུའུ་ཀན།    |    སྤེལ་དུས།   2019-04-12

    གྲོང་སྡོད་ལས་བྱེད་པའི་ལས་དོན་ནི་བོད་ཀྱི་དོན་དངོས་དང་མང་ཚོགས་ཀྱི་འདུན་པ་དང་མཐུན་པ་ཞིག་རེད་ལ། མིག་སྔ་དང་ཕུགས་ལ་ཕན་པའི་ཀུན་ཕན་འདུ་འགོད་དང་། དམངས་སེམས་འདུ་འགོད། རྨང་གཞིའི་འདུ་འགོད་ཅིག་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། དུས་རབས་གསར་པར་ང་ཚོས་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་དང་། ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་བླང་བྱ་གསར་པ་དང་དམིགས་ཚད་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ། གྲོང་སྡོད་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲིད་ཇུས་སྒྲོག་འགྲེལ་དང་། དབུལ་སྒྲོལ་ཕྱུག་འགྱུར། གཞི་རིམ་ཞི་མཐུན། རྩ་འཛུགས་སྟོབས་སྐྲུན། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ལ་གཞོལ་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གཞི་རིམ་གྱི་རྨང་གཞི་དང་འབྲེལ་བའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་ལ་གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པའི་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་གྲོང་སྡོད་ལས་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས།

    གྲོང་སྡོད་ལས་བྱེད་པ་རྩེ་གྲ་འདེམས་དགོས། མངགས་གཏོང་ཚན་པ་ཁག་གིས་གྲོང་སྡོད་ལས་དོན་དང་ཚན་པ་དེ་རང་གི་ལས་དོན་ལ་སྤྱི་འདོམས་ལྟ་རྟོགས་བྱེད་པ་དང་འབྲེལ་མཉམ་འབྲེལ་གནས་བཙལ་འཚོལ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། འགན་འཁྲིའི་འདུ་ཤེས་ཟབ་པ། ལས་ཀའི་འཇོན་ཐང་ཆེ་བ། ལས་ཀའི་སྤྱོད་ཚུལ་ཏན་ཏིག་བཅས་དང་དེ་བཞིན་གྲོང་སྡོད་ཀྱི་བསམ་བློ་ཡོད་པ་དང་། གྲོང་སྡོད་བྱེད་ཤེས་པ། གྲོང་སྡོད་བྱེད་མཁས་པ་བཅས་ཀྱི་མི་སྣ་གཏོང་དགོས་ལ། ཚད་གཞི་སྔོན་ལ་འཇོག་པ་དང་། ཇུས་སྔོན་ལ་འདིང་བ། རྒན་དར་གཞོན་གསུམ་ཟུང་འབྲེལ་བཅས་བྱས་ནས་ལས་བྱེད་པ་གཞི་རིམ་དུ་སྦྱོང་བརྡར་ཐུབ་པ་དང་ཆབས་ཅིག་ལས་བྱེད་པ་གོ་གནས་སྤོར་བའི་ཐད་གྲོང་སྡོད་ལས་བྱེད་པ་སྔོན་ལ་བསམ་བློ་གཏོང་དགོས།

    ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པ་བྱེད་དགོས། གཞི་རིམ་གྱི་འཐབ་ས་དང་པོར་འགལ་ཟླ་མང་བ་དང་། གནད་དོན་མང་བ། དཀའ་ངལ་མང་བ་བཅས་ཡོད་པས་ཕྱོགས་ཁག་གི་འགལ་ཟླ་ཐག་གཅོད་བྱེད་དགོས་ལ། འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་ཀྱི་ཡོད། དེར་བརྟེན་གྲོང་སྡོད་ལས་བྱེད་པ་ཚོས་ཚན་རིག་དང་མཐུན་པའི་བྱེད་ཐབས་བརྒྱུད་ལས་དོན་སྤེལ་ཤེས་པ་དང་། རྩ་དོན་རང་བཞིན་དང་། སྟབས་བསྟུན་རང་བཞིན། འཐབ་ཇུས་རང་བཞིན། བྱེད་ཐབས་རང་བཞིན། ཀུན་ཁྱབ་རང་བཞིན། དམིགས་བསལ་རང་བཞིན་བཅས་གཅིག་གྱུར་མཐའ་འཁྱོངས་བྱེད་ཤེས་པ། མཐུན་སྦྱོར་མཉམ་གྲོས་དང་། མང་ཚོགས་སྐུལ་སློང་། གོང་ཁྲིད་གཤམ་འབྲེལ། སྲིད་ཇུས་སྤྱོད་པ། གནས་དོ་དམ། དཔེ་མཚོན་སྐུལ་འདེད། སྒྱུར་བཅོས་གསར་གཏོད་སོགས་ཀྱི་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་ཤེས་པ་བཅས་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་། མང་ཚོགས་སྐུལ་སློང་། ཐོན་ཁུངས་སྐོང་འཐེན། བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    དམ་པ་དོན་གཉེར་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་དགོས། གྲོང་སྡོད་ལས་བྱེད་པ་ཚོས་དང་ཐོག་གཟུགས་བརྙན་བཟང་པོ་བཏོད་དེ་ཏང་སྲོལ་སྲིད་སྲོལ་གྱི་ལག་ལེན་པ་དང་། དྲང་བདེན་སྤྱོད་བཟང་གི་སྐུལ་འདེད་པ། སྤྱི་ཚོགས་སྤྱོད་ཚུལ་གྱི་སྣེ་ཁྲིད་པ་བཅས་བྱས་ཏེ་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། མི་བདེན་རྫུན་བཟོ་དང་འདོད་ཆེན་མཐོ་སྙེག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཞིབ་ཕྲའི་བྱ་སྤྱོད་མཐའ་འཁྱོངས། དོན་རེ་རེ་བཞིན་སྒྲུབ་པ་དང་དོན་རེ་རེ་བཞིན་ལ་ལན་རྒྱག་པ། སྤྱོད་གཙང་རང་འདོམས། འབད་འབུངས་ཡར་བརྩོན། དཀའ་སྒྲུབ་དངོས་སྒྲུབ་བཅས་བྱས་ཏེ་མང་ཚོགས་ལ་བག་ཆགས་ཡག་པོ་བཞག་ནས་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པའི་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།