[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ལྟ་སྐུལ་ཆེན་པོར་བརྟེན་ནས་ཁྲོམ་ར་ཆེན་པོར་སྲུང་སྐྱོང་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བཀྲ་ཤིས་དོན་གྲུབ་ཀྱིས།    |    སྤེལ་དུས།   2019-04-12

    སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་རའི་བྱེད་པོ་ཆར་རྗེས་ཀྱི་སྨྱུག་རྩ་བཞིན་མང་པོ་ཐོན། ཁྲོམ་རའི་བྱེད་པོ་མང་པོ་དེ་དག་ལ་བལྟོས་ནས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་ཐུག་པའི་ཁྲོམ་ར་ཚད་ལྡན་དུ་ཇི་ལྟར་གཏོང་དགོས་སམ་ཞེ་ན། སྨྱུག་འཛིན་པས་བལྟས་ན་ཕྱོགས་འགའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པར་མཐོང་སྟེ།

    དང་ཐོག ཁྲོམ་རའི་བྱེད་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བཟོ་ཚོང་ཚན་པས་ཚོང་ཟོག་རྫུས་མ་ཐར་པ་གཏན་ནས་མི་གཏོང་བར་ཁྲོམ་རའི་བྱེད་པོས་འཛད་སྤྱོད་ཁ་བསླུས་དང་ཐོན་ཟོག་རྫུས་མ་འཚོང་བའི་ཁྲིམས་འགལ་མ་གནས་ཆེ་རུ་གཏོང་དགོས། སྲིད་འཛིན་ལྟ་སྐུལ་དང་ཚོང་གཉེར་ལྟ་འདོམས་ཆེ་རུ་གཏོང་བ་ནས་འགོ་བཙུགས་ཏེ་རྒྱུན་ཆད་མེད་པར་ལྟ་འདོམས་བྱ་ཐབས་སྒྱུར་བཅོས་དང་། ཐབས་ལམ་སྣ་ཚོགས་བརྒྱུད་ཚོང་པའི་ཞབས་ཞུར་ལྟ་སྐུལ་དང་ཞིབ་དཔྱད་བྱེད་དགོས་པ་མ་ཟད། འཁོར་རྒྱུག་ཁྱབ་ཁོངས་དང་ཞབས་ཞུའི་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། འཛད་སྤྱོད་ཁ་བསླུས་དང་ཐོན་ཟོག་རྫུས་མ་ཐོན་མ་ཐག་ནས་མེད་པར་བཟོ་དགོས།

    གཉིས་པ། ཕུགས་ཕན་ལམ་སྲོལ་བཙུགས་ནས་དམག་འཐབ་ཡུན་རིང་རྒྱག་དགོས་ཤིང་། བཟོ་ཚོང་སྡེ་ཚན་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྒྱབ་ལྗོངས་ཆེ་མོའི་འོག་དོན་དངོས་ལ་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། བཅོས་སྒྲིག་གི་ཕན་འབྲས་ཡུན་རིང་གནས་པར་བྱེད་དགོས། ལོ་ལྟར་དྲག་རྡུང་བཅོས་སྒྲིག་རྒྱུན་ཆད་མེད་པར་བྱས་ནས་ཐོན་ཟོག་རྫུས་མ་འཚོང་བའི་ཁྲིམས་འགལ་བྱེད་སྤྱོད་དུས་དང་རྣམ་པ་ཀུན་དུ་ཁྲོམ་རའི་ལྟ་སྐུལ་ཆེ་མོའི་ལྟ་སྐུལ་ཚོད་འཛིན་ཁྱབ་ཁོངས་སུ་ཚུད་པར་བྱས་ཏེ་ཁྲོམ་ར་གཙང་མ་སྲུང་དགོས།

    གསུམ་པ། ལས་རིགས་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ཡིད་རྟོན་དང་གོ་རིམ་ལྡན་པའི་ཁྲོམ་ར་འཛུགས་བ་ནི་ཕྱོགས་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ཁེ་དབང་ལ་བཙན་གནོད་དང་ཐོན་ཟོག་རྫུས་མར་རྡུང་རྡེག་གཏོང་བ་ནི་ཁྲོམ་རའི་ལྟ་སྐུལ་ལྟ་འདོམས་དང་འགན་འཁྲི་བདའ་འདེད་ཀྱི་ཆ་ཤས་ཤིག་ཡིན་ལ། ལས་རིགས་ཀྱི་ལས་ཞུགས་པ་ཚོའི་ལྟ་འདོམས་འཇོན་ཐང་དང་ལྟ་འདོམས་བྱ་ཐབས་དང་དེ་བས་དམ་པོར་སྦྲེལ་ནས་ཡོད། དེར་བརྟེན། བཟོ་ཚོང་སྡེ་ཚན་གྱིས་ལས་རིགས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་བས་རྒྱག་པ་དང་། ལས་སྒོ་སྒྲུབ་མཁན་གྱི་བྱང་ཚད་མཐོ་རུ་གཏོང་བ། ལས་རིགས་ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་རིགས་ནང་ཁུལ་གྱི་རང་ལ་ཉེན་གཏོང་དང་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་བཟོ་ཚོང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”ལ་འགན་ལེན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།