[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་སྡོད་ལས་བྱེད་པར“བསམ་བློ་གསུམ”ལྡན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧུང་ཧྥང་།    |    སྤེལ་དུས།   2019-04-10

    གྲོང་སྡོད་ལས་དོན་རུ་ཁག་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནང་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པས། “གྲོང་སྡོད”ནས“གྲོང་སྐྱོར”ལ་དངོས་འབྲེལ་གྱུར་བར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དངོས་འབྲེལ་བྱེད་པའི་ཐད། སྨྱུག་འཛིན་པས་གྲོང་སྡོད་ལས་བྱེད་པར་དུས་རྟག་ཏུ“བསམ་བློ་གསུམ”ལྡན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག་ནས་ཁེངས་སྐྱུང་གི་བསམ་བློ་ལྡན་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི“གསལ་ཤེས་པ”ཡག་པོ་བྱེད་དགོས། གྲོང་སྡོད་ལས་བྱེད་པས་ཁེངས་སྐྱུང་གི་བསམ་བློ་བཅངས་ནས་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པའི་འཐབ་ཕྱོགས་དང་པོའི་ལས་བྱེད་པར་སློབ་སྦྱོང་བྱེད་དགོས་པ་སྟེ། མང་ཚོགས་ཀྱི་ལས་དོན་སྤེལ་སྟངས་དང་ཞིང་འབྲོག་ཁུལ་གྱི་ལས་དོན་གྱི་རྒྱུན་ཤེས་སློབ་སྦྱོང་བྱེད་དགོས་པ་དང་། མང་ཚོགས་ལ་སློབ་སྦྱོང་བྱས་ནས་མང་ཚོགས་ཁྲོད་ནས་འཚོ་བཅུད་བླངས་ཏེ་རང་ཉིད་ཀྱི་གཞི་རིམ་གྱི་བརྒྱུད་རིམ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་ལས་དོན་ཁྲོད་གནས་ཚུལ་གསལ་རྟོགས་དང་། ཕུགས་ལ་བསམ་གཞིག བསམ་ཕྱོགས་གསལ་བཟོ་བཅས་ཡོང་བའི་འགན་ལེན་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    གཉིས་ནས་འཕེལ་རྒྱས་ཀྱི་བསམ་བློ་ལྡན་དགོས་ཤིང་། མང་ཚོགས་ཕྱུག་འགྱུར་གྱི“སྣེ་ཁྲིད་པ”ཡག་པོ་བྱེད་དགོས། གྲོང་སྡོད་ལས་བྱེད་པས་གྲོང་སྡོད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ཞིང་འབྲོག་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་དམིགས་ཡུལ་ཨང་དང་པོར་བརྩིས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ལས་ཀའི་བསམ་ཕྱོགས་གསལ་པོ་བཟོ་བ། གྲོང་སྡོད་བྱེད་ཡུལ་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཐབས་དང་ཇུས་འདོན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ལ་སྣེ་ཁྲིད་་མཐོང་ཆེན་བྱེད་པ། ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ཤེས་རྒྱ་ཟབ་པ་དང་། མཐོང་རྒྱ་ཆེ་བ། ཐོན་ཁུངས་མང་བ་བཅས་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བར་རོགས་རམ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་པ། མང་ཚོགས་ཕྱུག་འགྱུར་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བར་རོགས་རམ། མང་ཚོགས་ཀྱི་རང་ངོས་སློབ་གསོ་དང་རང་ངོས་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲང་ནུས་བརྒྱུད་སྤྲོད། དར་སྲོལ་གསར་པ་དར་སྤེལ་གཏོང་བ་བཅས་བྱས་ནས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཞན་ཆ་གསབ་པ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་དགོས།

    གསུམ་ནས་ཞབས་འདེགས་ཀྱི་བསམ་བློ་ལྡན་དགོས་ཤིང་། མང་ཚོགས་ཀྱི“སྙིང་ཉེ་བ”ཡག་པོ་བྱེད་དགོས། གྲོང་སྡོད་ལས་བྱེད་པས་དངོས་འབྲེལ་སེམས་རྣལ་དུ་ཕབ་ནས་རང་ཉིད་མང་ཚོགས་ཁྲོད་ཀྱི་ཆེས་དཀྱུས་མ་དང་ཆེས་སྤྱིར་བཏང་གི་མི་ཞིག་ལ་བརྩིས་ཏེ་དམངས་ཀྱི་ཆེད་དུ་དཀའ་ངལ་བསལ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་ཕྱོགས་སུ་བརྟན་པོ་ལངས་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ནས་འགོ་རྩོམ་པ། ཏང་གི་དྲོ་སྐྱིད་མང་ཚོགས་ཚོས་ཚོར་ཐུབ་པ། མང་ཚོགས་དབར་གྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་མང་ཚོགས་ཆེད་བྱ་བ་དངོས་དང་བཟང་པོ་སྒྲུབ་པ། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པ་བཅས་བྱས་ནས་བཅའ་སྡོད་བྱེད་ཡུལ་མང་ཚོགས་ཀྱི་སེམས་ནུས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་གཅིག་ཏུ་བསྒྲིལ་བར་ཁྲིད་སྟོན་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།