[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གངས་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྔར་ལས་དར་ཞིང་རྒྱས་སུ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་ཡུལ་གལ་ཆེན་ཞིག་ཡིན་ཞིང་། བོད་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རྒྱུ་ནོར་ཞིག་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བ་དང་ལྷ་མོ་དང་། གླིང་སྒྲུང་། སྲོལ་རྒྱུན་དུས་ཆེན་སོགས་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལུགས་མཐུན་དང་། སྲུང་སྐྱོང་ནུས་ལྡན། དར་སྤེལ་ཤུགས་ཆེན་བཅས་བྱུང་ཡོད། དེ་དང་ཆབས་ཅིག་བྱ་ཐབས་ཏིག་ཏིག་སྤྱད་དེ་བཏོད་པའི“བོད་ལྗོངས་འགྲེམས་ཚོགས”སོགས་ཀྱི་ལས་སྟེགས་ལས་མི་སྔར་བས་མང་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་པའི་ཉམས་འགྱུར་འཁྲིས་ནས་ཉམས་ལེན་ཐུབ་སྟེ་ས་མཐོའི་ཁྱད་ཆོས་ལྡན་པའི“རིག་གནས་ཀྱི་མིང་བྱང”ཞིག་བཏོད་ཡོད།

    བོད་ཀྱི་སྲོལ་རྒྱུན་རིག་གནས་ཡུན་རིང་དར་ཞིང་རྒྱས་པ་ཡོང་དགོས་ན། སྒོ་དབྱེ་མཉམ་སྤྱོད་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཏེ“དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར”ཞེས་པ་ལྟར་གྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལས་དོན་ཏེ་དེང་རབས་ཅན་གྱི་ཁྲོམ་རའི་ཚོང་གཉེར་བྱ་ཐབས་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཐོན་ལས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ནང་དོན་གསར་གཏོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་བོད་རིག་གནས་ཀྱི་ས་རྒྱུ་གཤིན་པོར་རྩ་བ་ཚུགས་པར་བྱེད་པ་དང་། རིག་གནས་སྤུས་དག་གི་སྐུལ་ཁྲིད་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ནང་དོན་དང་མཚོན་ཚུལ་རྣམ་པ་གསར་གཏོད་ཧུར་ཐག་བྱེད་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མངོན་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་ཁས་ལེན་ཐོབ་པའི་རིག་གནས་ཀྱི་སྤུས་དག་ཐོན་རྫས་ཐོན་སྐྱེད་བྱེད་པ། “སྐད་གྲགས་ལྡན་ལ་ཉམས་ལེན་བྱེད་འདོད་པའི”རིག་གནས་ཐོན་རྫས་དང་ཞབས་ཞུའི་སྤུས་རྟགས་སྐྱེད་སྲིང་བཅས་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཀྱི་བོད་ཀྱི་ལེའུ་ཡག་པོ་ཤོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།