[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་སྡོད(གྲོང་ལྷན)ལས་བྱེད་པས་ལུས་སེམས་གཉིས་ཀ་གཞི་རིམ་དུ་གནས་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ཝུན་ཅིང་།    |    སྤེལ་དུས།   2019-02-11

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་གྲོང་སྡོད(གྲོང་ལྷན)རོགས་སྐྱོར་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། “གྲོང་སྡོད(གྲོང་ལྷན)ལས་བྱེད་པ་འདེམས་གཏོང་ཡག་པོ་བྱས་ཏེ་གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་དང་ལས་ཀའི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་པ”དང་། “གྲོང་ཚོ་དབུལ་པོ་ཚང་མར་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་དང་དུད་ཚང་དབུལ་པོ་ཚང་མར་རོགས་སྐྱོར་ཀྱི་འགན་འཁུར་མཁན་ཡོད་པ་བྱེད་དགོས་པ” “གྲོང་ཚོར་འདེམས་གཏོང་གི་མི་གནད་ལ་སྨིན་པོ་དགོས་པ”བཅས་ཀྱི་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    མིག་སྔར་ཁྲེང་ཀོན་ཆུས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད། རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་མང་ཚོགས་ལ་སྔར་བས་དྲིལ་བསྒྲགས་དང་སློབ་གསོ་བཏང་ནས་ཐུན་མོང་གི་ངོས་འཛིན་གསར་པ་ཞིག་ཇི་ལྟར་ཆགས་པར་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་ཚད་བརྒལ་གསར་པ་ཇི་ལྟར་ཡོང་བ་བྱེད་དགོས་པ། གྲོང་གསེབ་དར་རྒྱས་གཏོང་རིང་བྱ་སྤྱོད་གསར་པ་ཇི་ལྟར་མངོན་པ་བྱེད་དགོས་པ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཇི་ལྟར་བརྟན་དུ་དང་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ཐད་སྨྱུག་འཛིན་པས་གཤམ་གྱི་གནད་དོན་འགའ་ཞིག་ནས་འགོ་འཛུགས་དགོས་པའི་ངོས་འཛིན་བྱས་པ་སྟེ།

    གཅིག་ནས་གྲོང་སྡོད(གྲོང་ལྷན)ལས་བྱེད་པས“གཞི་རིམ་དུ་སྐྱོད་ཐུབ་པ”དང་། “སེམས་གནས་ཐུབ་པ” “ལས་ཀ་ཡག་པོ་བྱེད་ཐུབ་པ”བཅས་བྱེད་དགོས་ཤིང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པ། མུ་མཐུད་འབད་འཐབ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་བ་དང་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་གྲོང་སྡོད་ལས་དོན་ཞིབ་ཚགས་དང་། ཏན་ཏིག གནད་སྨིན་བཅས་ཀྱི་སྒོ་ནས་སྒྲུབ་ཐུབ་པ་བྱེད་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་ཀྱི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་རོགས་འདེགས་ཀྱིས་ཡུལ་གོམས་གཤིས་ལུགས་ངན་པ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    གཉིས་ནས་གྲོང་སྡོད(གྲོང་ལྷན)ལས་བྱེད་པས“སེམས་རྣལ་དུ་ཕབ་པ”ལས“སེམས་མི་གནས་པ”བྱེད་མི་རུང་ཞིང་། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་བློ་ལ་བརྟན་པོར་ངེས་ཏེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་བསམ་བློ་གང་མང་བཏང་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཏན་ཏིག་ཚོར་བ་བྱེད་དགོས། ཐོབ་པར་དཀའ་བའི་གྲོང་སྡོད(གྲོང་ལྷན)ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རང་ཉིད་འབྲེལ་བ་མེད་པའི་མིར་མི་བརྩི་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་དམ་པོར་དམིགས་ཏེ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་མང་ཙམ་གཉེར་དགོས་པ་དང་། དམངས་འཚོར་ཕན་འདོགས་པའི་བྱ་བ་དངོས་མང་ཙམ་སྒྲུབ་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་མང་ཙམ་བྱེད་དགོས།

    གསུམ་ནས་གྲོང་སྡོད(གྲོང་ལྷན)ལས་བྱེད་པས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་སྟེ་ཏང་གི་སྲིད་འཛིན་གྱི་རྩ་བ་སྔར་བས་བརྟན་དུ་གཏོང་དགོས་ཤིང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པར་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དགོས་མཁོར་གཞིགས་པ། གྲོང་སྡོད(གྲོང་ལྷན)ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་ལག་ལེན་དངོས་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། “དོན་དངོས་ལ་སྣང་ཆེན་དང་། སྐད་ཆ་དྲང་པོ་ཤོད་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ། ཏན་ཏན་ཏིག་ཏིག་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པ”བཅས་ཀྱི་ལས་ཀའི་སྤྱོད་ཚུལ་བཟང་པོ་ཞིག་སྐྱེད་སྲིང་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དམག་འཐབ་ཀྱི་མཁར་རྫོང་སྲ་བརྟན་ཞིག་ཏུ་འགྱུར་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།