[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་ལེན་གལ་ཆེན་ཞིག་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཁྲེན་ཀྲི་ཆང་།    |    སྤེལ་དུས།   2019-02-09

    དམངས་ཡོངས་བདེ་ཐང་མེད་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་ཞེས་པ་གླེང་ཐབས་བྲལ། བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་དམག་འཐབ་གལ་ཆེན་ཞིག་ཡིན་པ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།

    2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་མང་ཚོགས་དབུལ་པོས་དོ་ཁུར་ཆེ་ཤོས་བྱེད་པའི་ནད་གཞི་ལྟ་ཐུབ་པ་དང་། ནད་གཞི་སྟབས་བདེ་པོས་ལྟ་ཐུབ་པ། ནད་གཞི་ཡག་པོ་ལྟ་ཐུབ་པ། ནད་གཞི་ཉུང་ཙམ་ཕོག་པ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་དུད་ཚང་དང་མང་ཚོགས་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཡོད། མིག་སྔའི་བར། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་17.5ཡི་གཟུགས་པོར་བརྟག་དཔྱད་བྱས་པ་དང་ནད་གཞི་ཕོག་པའི་མི་གྲངས་17475གྲལ་བཤེར་བྱས་པ། སྐྱོབ་བཅོས་དང་གཡོག་བྱེད་བྱེད་དགོས་རིགས་ཀྱི་མི་སྣ་16615ལ་བདེན་མིན་ཞིབ་དཔྱད་དང་ཞིབ་བཤེར་ཆོག་མཆན་བཀོད་པའི་ནང་ནད་པ་4292ལ་སྨན་བཅོས་བྱས་པ་དང་། གཅོང་ནད་ཕོག་མཁན་11550སྨན་བཅོས་དང་གཡོག་བྱེད་བྱས་པ་བརྒྱུད་སྨན་བཅོས་དང་གཡོག་བྱེད་ཚད་99%ཟིན་ཡོད།

    དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་བདེ་ཐང་དབུལ་སྐྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་འགན་ལེན་གལ་ཆེན་ཞིག་རེད། རྫོང་དང་ཆུས་ཁག་ལ་གྲོང་གསེབ་ཀྱི་སྨན་དོན་མི་སྣའི་གསོ་སྦྱོང་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཏེ། ལས་གནས་བརྗེས་ནས་གསོ་སྦྱོང་དང་། ལས་གནས་ཐོག་གསོ་སྦྱོང་། ཁ་གཏད་དབུལ་སྐྱོར། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་གཞི་རིམ་གྱི་མཁོ་ཆོད་སྨན་པའི་དཔུང་ཁག་འཛུགས་སྐྱོང་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས། ནད་ཐོག་སྨན་བཅོས་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། གཞི་རིམ་གྱི་སྨན་དོན་མི་སྣའི་སྨན་བཅོས་ཀྱི་ཆུ་ཚད་དང་ལས་རིགས་ཀྱི་བྱང་ཚད་མཐོ་རུ་བཏང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད།

    ཐ་སྐྱོང་འགན་ལེན་དང་གནད་སྨིན་རོགས་སྐྱོབ་ནི་བདེ་ཐང་དབུལ་སྐྱོར་འདུ་འགོད་ཀྱི་རྩ་བཅོས་ཀྱི་བྱེད་ཐབས་ཤིག་རེད། “དཀའ་ལས་ཚད་མེད་བརྒྱབ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད། ནད་ཆེན་ཕོག་ནས་ཚང་མ་སྟོང་པར་གྱུར”ཞེས་པ་དེ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ནད་ཆེན་ཕོག་སྐབས་ཀྱི་མཚོན་ཚུལ་དངོས་རེད། ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི་གནད་དོན་ཐག་གཅོད་བྱེད་པར་ངེས་པར་དུ་ཐ་སྐྱོང་འགན་ལེན་དང་གནད་སྨིན་རོགས་སྐྱོབ་སྐྱོབ་བཅོས་ལ་ཤུགས་སྣོན་བརྒྱབ་ནས། “ནད་ཆུང་ནད་ཆེན་ལ་འགྱངས་པ་དང་། ནད་ཆེན་གྱིས་དབུལ་པོ་ཆགས་པའི”འཁོར་རྒྱུག་ངན་པ་རྦད་དེ་མེད་པར་བཟོས་ཡོད།

    མདོར་ན། བདེ་ཐང་དབུལ་སྐྱོར་གྱི་ལོ་3གྱི་འགག་སྒྲོལ་འཆར་གཞི་གཞིར་བཟུང་། འགག་སྒྲོལ་བྱ་སྤྱོད་ཆེན་པོ་དྲུག་གཙོ་གནད་དུ་ལག་བསྟར་བྱས་ནས་བདེ་ཐང་དབུལ་སྐྱོར་གྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་བཅོས་སྲིད་ཇུས་ཐད་ཀྱི་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ། གནད་སྨིན་དབུལ་སྒྲོལ་ལ་རམ་འདེགས་བཅས་ལ་བརྟེན་ནས་བདེ་ཐང་དབུལ་སྐྱོར་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།