[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱི་ཚོགས་འགན་སྲུང་བྱ་གཞག་དེ་དམངས་འཚོ་ལེགས་གཏོང་གི་འདེཌ་སྐྱོར་གལ་ཆེན་དུ་འགྱུར་བར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཧན་མན་གྱིས།    |    སྤེལ་དུས།   2018-11-28

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་ཕྱུག་པོའི་ལམ་དུ་བསྐྱོད་དེ་མི་དམངས་ཀྱི་འཚོ་བ་ལེགས་སུ་དང་མི་དམངས་ཀྱི་བདེ་དོན་སྔར་ལས་ལྷག་པའི་དོན་གཉེར་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་དགོས་པའི་ནན་བཤད་གནང་ཡོད། རྣམ་བཤད་གལ་ཆེན་དེ་དག་གིས་རང་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་གོམ་སྟབས་གཉིས་ལ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུའི་འཐབ་ཇུས་བཀོད་སྒྲིག་ཁ་གསལ་བཏོན་ཡོད། འཕེལ་རིམ་དེའི་ཁྲོད་དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས། འགན་དབང་གསལ་པོ། འགན་ལེན་འོས་འཚམ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་ནི་སྔོན་ལ་ལེགས་གྲུབ་བྱེད་དགོས་པའི་དམིགས་ཚད་ཀྱི་ལས་འགན་གལ་ཆེན་ཞིག་རེད།

    མིག་སྔར་རང་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་རྒྱུ་དེ་འཕེལ་རྒྱས་མགྱོགས་སུ་འགྲོ་བའི་དུས་སྐབས་གསར་པར་སླེབས་པ་དང་སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རྒུད་སྐྱོབ། སྤྱི་ཚོགས་ཀྱི་ཕན་བདེ། གཟིགས་སྐྱོང་བདེ་འགོད་བཅས་གཙོ་བོར་བྱེད་པའི་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཡུལ་མིའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་མ་ཟད། ཁྱབ་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་སོང་བ་དང་འགན་སྲུང་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ཀྱི་འགན་བཅོལ་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་དེ་དང་དུས་མཚུངས་ང་ཚོས་མཐོང་དགོས་པ་ཞིག་ནི། སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་རྒྱས་འགྲོ་བ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་ནས་སྤྱི་ཚོགས་འགན་སྲུང་ལས་བྱུང་བའི་དངོས་ཕན་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད་ལ་མི་དམངས་མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་ཐད་རེ་བའང་དེ་བས་མཐོ་བ་བཅོལ་གྱི་ཡོད། རང་ལྗོངས་སུ་འགན་བཅོལ་ཆེན་པོ་ལྔ་ལྟེ་བར་བྱེད་པའི་སྤྱི་ཚོགས་འགན་སྲུང་གི་མ་ལག་སྒྲོམ་གཞི་རྩ་བའི་ཆར་བསྐྲུན་ཟིན་ཡང་ད་དུང་ཁྱབ་ཁྱོན་ཐད་ཁུག་ཀྱོག་ལུས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མི་སྙོམས་པ། ལམ་ལུགས་འཐུས་སྒོ་མི་ཚང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། དེ་དང་ཕྱོགས་མཚུངས་ལས་ཞུགས་ཐབས་ལམ་སྣ་མང་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཡོང་འབབ་བགོ་བཤའ་དོ་མི་སྙོམས་པ་བཅས་ཀྱི་འགྲན་སློང་འཕྲད་དེ་ལམ་ལུགས་སྒྱུར་བཅོས་དང་འཛུགས་སྐྱོང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད།

    སྤྱི་ཚོགས་འགན་སྲུང་དེ་མི་དམངས་ཀྱི་བདེ་སྐྱིད་ཁམས་བདེ་དང་འབྲེལ་བ་དམ་ཟབ་ཡོད་ལ་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། ང་ཚོས་འགག་སྒྲོལ་དཀའ་སེལ་དང་། གནད་སྨིན་ཇུས་འདོན། གསར་གཏོད་ཡར་བརྩོན། འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་འགན་སྲུང་འདི་ཉིད་དམངས་འཚོ་ལེགས་གཏོང་གི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡི་འཚོ་བ་དེ་བས་གཟི་བརྗིད་ལྡན་པ་དང་། འགན་སྲུང་ཡོད་པ། བདེ་སྐྱིད་ཚོར་སེམས་བཅས་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།