[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩ་ནི“གནད་སྨིན”ལ་རག་ལུས་ཡོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ པ་སངས་དབང་མོས།    |    སྤེལ་དུས།   2018-11-28

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་གསར་སྤེལ་ལས་དོན་སྤེལ་ནས་ད་ཆའི་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་གཙོ་བོ་གནད་སྨིན་ལ་རག་ལུས་པ་དང་རྒྱལ་ཕམ་གང་ཞིག་ཡོང་མིན་གནད་སྨིན་ལ་ཐུག་ཡོད”“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འགག་རྩ་ནི་ལམ་བུ་འཚོལ་ཞིབ་ཡང་དག་དང་སྒྲིག་གཞི་དང་ལམ་སྲོལ་ཡག་པོ་བཟོ་བ་དང་། གནད་སྨིན་ཇུས་བསྟར་ཐད་བྱ་ཐབས་ངོ་མ་འདོན་པ་དང་། གནད་སྨིན་སྐུལ་འདེད་ལ་ཤུགས་ཏན་ཏིག་རྒྱག་པ། གནད་སྨིན་དོན་འཁྱོལ་ལ་གྲུབ་འབྲས་ཐོན་པ་བྱེད་དགོས”ཞེས་གསུངས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྨྱུག་འཛིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་གནད་སྨིན་ལ་ཤུགས་རྒྱག་དགོས་པ་དང་། གནད་སྨིན་ངང་དབུལ་སྒྲོལ་བྱ་ཡུལ་གཏན་འཁེལ་བྱེད་པ། གནད་སྨིན་ངང་མང་ཚོགས་དབུལ་པོ་དབུལ་སྒྲོལ་ལ་རོགས་རམ་བྱེད་པ་ནི་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་ཡིན།

    གཅིག་ནས་གནད་སྨིན་དབྱེ་འབྱེད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དབུལ་པོ་དབྱེ་འབྱེད་ཡང་དག་མ་བྱུང་ན“དཔྱད་ཞིབ་ལུས་པ”དང“དཔྱད་ནོར་ཤོར་བའི”གནད་དོན་ཐོན་ནས་དབུལ་སྐྱོར་སྲིད་ཇུས་ལོངས་སྤྱོད་ཆོག་པའི་དུད་ཚང་དབུལ་པོར་སྲིད་ཇུས་ལོངས་སྤྱོད་ཐུབ་ཀྱི་མེད། དེར་བརྟེན་དབུལ་སྐྱོར་ལས་བྱེད་པས་གཟབ་ནན་ངང་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོས་པ་བརྒྱུད་ཆ་འཕྲིན་དོ་དམ་གྱི་ལས་སྟེགས་བསྐྲུན་ཏེ་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་དང་། མང་ཚོགས་དབུལ་པོར་གནད་སྨིན་རོགས་སྐྱོབ། གནད་སྨིན་ངང་དབུལ་སྐྱོར་བྱེད་ཁོངས་ནས་ཕྱིར་འཐེན་བཅས་ཐུབ་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ་དང་།

    གཉིས་ནས་གནད་སྨིན་སྐུལ་འདེད་ཐད་འབད་བརྩོན་བྱེད་དགོས་ཤིང་། རོགས་སྐྱོར་བྱ་ཡུལ་གནད་ལ་འཁེལ་བ་དང་། རྣམ་གྲངས་བཀོད་སྒྲིག་གནད་ལ་འཁེལ་བ། མ་དངུལ་བེད་སྤྱོད་གནད་ལ་འཁེལ་བ། བྱ་ཐབས་དུད་ཚང་དུ་གནད་ལ་འཁེལ་བ། གྲོང་ཚོར་མི་སྣ་མངགས་གཏོང་གནད་ལ་འཁེལ་བ། དབུལ་སྒྲོལ་གྲུབ་འབྲས་གནད་སྨིན་བཅས་ཐུབ་པ་བྱེད་དགོས། དབུལ་སྐྱོར་གསར་སྤེལ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གནད་སྨིན་རོགས་སྐྱོར་དང་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དབུལ་པོ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས། དབུལ་སྐྱོར་གསར་སྤེལ་དེ་སྣོད་བཅུད་སྲུང་སྐྱོང་དང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། དབུལ་སྐྱོར་གསར་སྤེལ་དེ་སྤྱི་ཚོགས་འགན་ལེན་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པ།

    གསུམ་ནས་དམ་པ་དོན་གཉེར་གྱི་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁུག་འཛུགས་དགོས་ཤིང་། ས་ཁུལ་དབུལ་པོའི་མང་ཚོགས་ལ་གཞི་རིམ་དུ་སྐྱོད་ཐུབ་པ་དང་དམ་པ་དོན་གཉེར་གྱི་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་གཅིག་ཡོང་རྒྱུ་ཁ་ཚ་དགོས་གཏུགས་ཆེ་བ་དང་། ལྷག་པར་དུ་ཤང་གྲོང་དང་གྲོང་ཚོ(གྲོང་ལྷན)ལ་ལས་བྱེད་པའི་དཔུང་ཁག་དེ་འདྲ་ཞིག་དགོས་གལ་དེ་བས་ཆེ་བ་ཡོད། སྲིད་ཇུས་དོན་འཁྱོལ་བྱེད་མཁན་གྱི“མཐའ་མའི་འགག་གནད”ཀྱི་སྒྲིག་འཛུགས་པ་དང་ལག་བསྟར་བ་ཞིག་ཡིན་པའི་དབུལ་སྐྱོར་ལས་བྱེད་པས་ཞིང་པར་རྒྱུས་མངའ་དང་། གྲོང་གསེབ་ལ་རྒྱུས་མངའ། གཉེར་སྐྱོང་ཤེས་པ། གཞུང་དྲང་བ་བཅས་དགོས་པ་དང་། མང་ཚོགས་དང་སྤེལ་རེས་ཐུབ་པ། མང་ཚོགས་དབུལ་པོའི་བསམ་བློ་དང་སེམས་ཁྲལ་ཤེས་རྟོགས། གྲོང་ཚོ(གྲོང་ལྷན)དབུལ་པོའི་ཁྱད་ཆོས་ཤེས་རྟོགས། ཡུལ་དེའི་དོན་དངོས་ནས་འགོ་ཚུགས་པ། མང་ཚོགས་དབུལ་པོ་དང་མཉམ་དུ་ཐབས་འདོན་ཇུས་འགོད། ཡུལ་བབ་དང་བསྟུན་ནས་རྩལ་ནུས་གསོ་སྦྱོང། ཐོན་སྐྱེད་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་གཏོང་བ། ཁྱིམ་ཚང་དབུལ་པོར་རང་བརྟེན་འཇོན་ཐང་ལྡན་པ། མང་ཚོགས་དབུལ་པོ་སྣེ་ཁྲིད་དེ“དབུལ་སྒྲོལ་ཕུགས་འདུན”མངོན་འགྱུར་ཏན་ཏིག་ཐུབ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ནང་མི་གཅིག་ཀྱང་མ་ལུས་པའི་འགན་ལེན་བྱེད་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།