[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སེམས་ནུས་གཅིག་ཏུ་སྒྲིལ་ནས་ཕུགས་འདུན་མཉམ་དུ་བཏོད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཝང་ཧྥེ་ཡིས།    |    སྤེལ་དུས།   2018-10-08

    2016ལོར་རང་ལྗོངས་ཀྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོན་པའི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་་སྐྱོར”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་བས་རྒྱ་ཆེའི་དམངས་གཉེར་ཁེ་ལས་གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་རེད།

    གོམ་སྟབས་རྗེས་མའི་ལས་དོན་ཁྲོད། སྨྱུག་འཛིན་པས་གཤམ་གསལ་ཕྱོགས་ཁག་ལ་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ།

    དམངས་གཉེར་ཁེ་ལས་ཀྱི་རང་ངོས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ་དང་དུས་མཚུངས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཧུར་ཐག་སྤེལ་ནས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་གནད་སྨིན་དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ་དང་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པ་བྱེད་དགོས། རྨང་གཞིའི་རང་བཞིན་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས་གནད་སྨིན་དབུལ་སྐྱོར་གྱི་གཞི་རྩའི་ཇུས་གཞི་གཞིར་བཟུང་རོགས་སྐྱོར་བྱ་ཡུལ་གནད་ལ་འཁེལ་བ་དང་། སྒྲིག་འཛུགས་དང་སྐུལ་སློང་གནད་ལ་འཁེལ་བ། རོགས་སྐྱོར་བྱ་ཐབས་གནད་ལ་འཁེལ་བ། རྩིས་ཐོ་དོ་དམ་གནད་ལ་འཁེལ་བ་བཅས་བྱས་ཏེ་དེ་སྤྱི་དབང་མིན་པའི་དཔལ་འབྱོར་མི་སྣར་ཕྱོགས་བསྡུས་གདེང་འཇོག་དང་ཆབ་སྲིད་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་རྨང་གཞིའི་རང་བཞིན་གྱི་ལས་དོན་གནད་སྨིན་དང་ཏན་ཏིག་ངང་སྒྲུབ་དགོས།

    རོགས་སྐྱོར་རྣམ་པ་སྲ་བརྟན་དང་གསར་གཏོད་བྱེད་དགོས། “འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུ་གཙོ་རྐང་དུ་བྱས་ནས། རྣམ་པ་གཏན་འཁེལ་བའི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆགས་ཟིན་པའི་རོགས་སྐྱོར་རྣམ་པ་སྲ་བརྟན་དང་ཁྱབ་གདལ་བཏང་སྟེ་གྲུབ་འབྲས་ཐོབ་པའི་བྱ་ཐབས་གསར་པ་ཤེས་རྟོགས་དང་ཕྱོགས་སྡོམ་བྱས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་རོགས་སྐྱོར་གྱི་གཞི་འཛིན་ས་ཡག་པོ་ཞིག་རྙེད་པར་བྱེད་པ་དང་རོགས་སྐྱོར་རྣམ་པ་གསར་གཏོད་བྱས་ནས་གྲངས་ཚད་ནས་སྤུས་ཚད་བར་འགྱུར་ལྡོག་གཏོང་དགོས།

    གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ནས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ”བྱེད་པའི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་དང་ནུས་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་ཆབ་སྲིད་ཐོག་ཁས་ལེན་དང་། བསམ་བློའི་ཐོག་ལྕག་སྐུལ། སྲིད་ཇུས་ཐོག་རྒྱབ་སྐྱོར། སྤྱི་ཚོགས་ཐོག་དྲིལ་བསྒྲགས་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དབུལ་སྐྱོར་ནི་གཟི་བརྗིད་ཡིན་པའི་གླེང་ཕྱོགས་ཀྱི་སྟོན་ཕྱོགས་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དེ་དམངས་གཉེར་ཁེ་ལས་དེ་བས་མང་བ་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་རྒྱུའི་ཁྲིད་སྟོན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།