[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ནུས་ཤུགས་ཡོད་རྒུས་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཝང་ཡུད་ཧྥེ།    |    སྤེལ་དུས།   2018-10-08

    གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། ཏང་དང་མང་ཚོགས། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་མཁོ་ཞིག་ཀྱང་ཡིན་པས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགག་རྩའི་གནད་དོན་ཐག་གཅོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། གཅིག་ནས་གྲོང་སྡོད་ལས་དོན་ཡག་པོ་བསྒྲུབ་པར་གྲོང་སྡོད་ལས་བྱེད་པར་དོ་དམ་ཡག་པོ་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གྲོང་སྡོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གྲོང་སྡོད་ལས་བྱེད་པར་དོ་དམ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། མི་ལས་གནས་ཐོག་ཡོད་པ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་འགན་ལེན་ཡོང་བ་བྱས་ཏེ་གྲོང་སྡོད་བྱེདརིང་གི་དཔྱད་ཞིབ་འབྲས་བུ་ཉིད་གྲོང་སྡོད་ལས་བྱེད་པའི་ལོ་མཇུག་གི་ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས།

    གཉིས་ནས་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་དགོས། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་གྲོང་ཚོར་གྲོང་སྲོལ་དམངས་ཆིངས་དང་། ཏང་དོན་ཡོངས་བསྒྲགས། གྲོང་དོན་ཡོངས་བསྒྲགས། ནོར་དོན་ཡོངས་བསྒྲགས། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་གཞི་རྩའི་འགན་འཁྲི། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་ནས་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་བགྲོད་ལམ་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས།

    གསུམ་ནས་བྱེད་ཐབས་གསར་གཏོད་ཀྱིས་དྲིན་ཚོར་སློབ་གསོ་ཡག་པོ་རྒྱག་དགོས། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཚོགས་འདུ་འཚོགས་པ་དང་། རྒྱལ་གཅེས་གློག་བརྙན་སྟོན་པ། བོད་གསར་རྙིང་བསྡུར་བ་སོགས་ཀྱི་བྱེད་སྟངས་བརྒྱུད། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་དངོས་འབྲེལ་ཤེས་སུ་བཅུག་ནས་དེ་བས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

    བཞི་ནས་ཞབས་འདེགས་དང་བྱམས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས། འབྲེལ་ཡོད་ཚན་པ་ཁག་གིས་གྲོང་སྡོད་ལས་བྱེད་པའི་བསམ་བློ་དང་། སློབ་སྦྱོང་། ལས་དོན། འཚོ་བ་བཅས་ལ་དོ་ཁུར་བྱས་ནས་དུས་བཀག་བཞིན་འབྲེལ་གཏུག་ས་ཚིགས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་། ལས་བྱེད་པའི་བསམ་བློའི་གནས་ཚུལ་ཤེས་རྟོགས། དངོས་ཡོད་གནས་ཚུལ་ཁོང་དུ་ཆུད་པ། དཀའ་ངལ་སེལ་ཐབས་བཅས་བྱས་ཏེ་ཁོང་ཚོའི་གྲོང་སྡོད་ལས་དོན་གྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།