[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཤེས་དཔལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན།    |    སྤེལ་དུས།   2018-10-07

    ལྷ་ས་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཡུལ་སྲོལ་ཡ་རབས་གཏོད་པའི་བརྒྱུད་རིམ་ནང་གྲོང་ཚོའི་རྣམ་པ་དང་། རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། རིག་གནས་ཆུ་ཚད་མཐོར་གཏོང་སོགས“ནང་ངོས་མཐུན་རྐྱེན”འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་བྱེད་ཀྱི་ཡོད། རིག་གནས་ཀྱི“ནང་ངོས་མཐུན་རྐྱེན”ནི་གྲོང་གསེབ་ཤེས་དཔལ་འཛུགས་སྐྱོང་ཁྲོད་དགོས་ངེས་ཀྱི་ཆ་རྐྱེན་ཞིག་དང་མེད་ཐབས་མེད་པའི་འདེགས་སྐྱོར་ཆེན་པོ་ཞིག་རེད། དུས་རབས་གསར་པར་རིག་གནས་ཀྱི་ས་བོན་དེ་ལྟེ་བའི་གྲོང་ཁྱེར་གྱི་ས་གཞི་ཆེ་མོར་བཏབ་སྟེ་གྲོང་མིའི“བསམ་པའི་རྒྱགས་ཕྱེའི་བང་མཛོད”སྐོང་དགོས།

    ཁྲིད་སྟོན་ལ་སྣང་ཆེན་བྱེད་དགོས་ཤིང་། ཞིང་པའི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་ཡུལ་སྲོལ་ཡ་རབས་འཛུགས་སྐྱོང་གི་སྲོག་ཤིང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་ཀྱི་སློབ་གསོར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་རིང་ལུགས་གཙོ་བོར་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་གཙོ་བོར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཞིང་པ་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་རང་སྐྱ་འཕེར་བའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་རྒྱུར་སྐུལ་སློང་བྱེད་དགོས། ཞིང་པར་ཚན་རིག་ལ་གོང་བཀུར་དང་། རྨོངས་དད་གཏན་འགོག གོམས་སྲོལ་བསྒྱུར་བ། སྲོལ་ངན་འདོར་བ་བཅས་ཀྱི་སྒོ་ནས་ཤེས་དཔལ་དང་། ཚན་རིག བདེ་ཐང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་་ཁྲིད་སྟོན་བྱས་ནས་ཡུལ་སྲོལ་ཡ་རབས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

    རིག་གནས་རྒྱུན་འཛིན་བྱེད་དགོས་ཤིང་། ཕུལ་བྱུང་གི་སྲོལ་རྒྱུན་ཡུལ་སྲོལ་རིག་གནས་ལ་སྔར་བས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས་གྲོང་གསེབ་ཀྱི་ཤེས་དཔལ་ལ་གཞི་ཚུགས་ཏེ་གྲོང་ཁྱེར་གྱི་ཤེས་དཔལ་དང་ཕྱི་རོལ་རིག་གནས་ཀྱི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་གྱིས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། ཕུལ་བྱུང་གི་སོ་ནམ་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་གྱི་རིག་གནས་བྱེད་སྒོར་ལྡན་པའི་ཕུལ་བྱུང་གི་བསམ་པའི་ཐོན་ཁུངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ་དེས་མི་སེམས་གཅིག་སྒྲིལ་དང་། མང་ཚོགས་ལ་སློབ་གསོ་བློ་འགུག དམངས་སྲོལ་གཞུང་དྲང་བབ་ཆགས་བཅས་ཐུབ་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས།

    གྲོང་གསེབ་མཛེས་པོ་ཡིན་མ་ཡིན་དང་གྲོང་གསེབ་ཕྱུག་པོ་ཆགས་མ་ཆགས་དེ་གྲོང་ཚོའི་རྣམ་པ་དང་། དཔལ་འབྱོར་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་ཕྱི་རོལ་གྱི་དམིགས་ཚད་ལ་ལྟ་དགོས་པ་མ་ཟད། རིག་གནས་ཞབས་ཞུ་དང་ཡུལ་སྲོལ་ཡ་རབས་སོགས་འཕེལ་རྒྱས་ཀྱི“ནང་ངོས་མཐུན་རྐྱེན”ལའང་དེ་བས་ལྟ་དགོས། “ནང་ངོས་མཐུན་རྐྱེན”ལ་མཐོང་ཆེན་བྱས་ཚེ་གཞི་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་མི་སེར་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མཐོ་རུ་གཏོང་ཐུབ་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ཀྱང་འགྲུབ་ཐུབ་བོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།