[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་ལ་བརྟེན་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-09-07

    “ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ལས་དོན་བསྒྲུབ་པར་འབད་བརྩོན་ལྷོད་མེད་བྱེད་པ་དང་། འགག་རྩའི་ས་དང་གནད་འགག་ཆེ་སར་འབད་བརྩོན་ལྷོད་མེད་བྱེད་པ། ལས་ཀའི་སྤུས་ཚད་དང་ཆུ་ཚད་ཐད་འབད་བརྩོན་ལྷོད་མེད་བྱེད་པ་བཅས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས” རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་དུས་མཚམས་གསར་པ་དང་། འཕྲད་པའི་དུས་བབ་གསར་པ། བསྒྲུབ་རྒྱུའི་ལས་འགན་གསར་པ་བཅས་ལ་བརྡར་ཤ་བཅད་གནང་བ་དང་འབྲེལ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར། “སྟོབས་ཆེར་གཏོང་རྒྱུ”དེ་དམིགས་ཚད་དུ་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་རྣམ་པ་གསར་པ་གཏོད་པ་དང་། སྐས་རིམ་གསར་པར་སླེབས་པ། སླར་ཡང་ཆུ་ཚད་གསར་པར་སླེབས་པ་བཅས་ལ་སྐུལ་འདེད་གཏོང་དགོས།

    སྟོབས་ཆེར་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་མཚོན་རྟགས་རང་བཞིན་གྱི་བླང་བྱ་ཞིག་རེད། སྟོབས་ཆེར་གཏོང་དགོས་པ་དེ་ཐོག་ནས་དངོས་པོའི་དཔལ་ཡོན་སྲོལ་གཏོད་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་མཚོན་ཡོད། དེའི་དབང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དེ་སྤྱི་ཡོངས་ལས་དོན་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས“དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་ལྟེ་བའི་ལས་དོན་ཡིན་པ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་ཧ་ཅང་གལ་འགངས་ཆེ་བའི་ལས་དོན་ཞིག་ཡིན་པ”ནན་བཤད་གནང་ཡོད། ལོ་5ལྷག་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་མ་བཟོ་བའི་ལས་འགན་ལ་ཕན་འབྲས་ཆེན་པོ་ཐོབ་ནས་ད་ཆ་རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད་ཀྱི་དུས་མཚམས་གལ་ཆེན་ལ་སླེབས་ཡོད། འགོ་འཛུགས་ས་གསར་པའི་ཐོག་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ཉམས་མྱོང་བཟང་པོ་མཐའ་འཁྱོངས་བྱེད་དགོས་ལ། གསར་འབྱེད་གསར་གཏོད་བྱེད་ཕོད་པ་དང་བྱེད་ཐབས་གསར་པ་འཚོལ་ཐུབ་ཚེ། ང་ཚོས་གཞི་ནས་དུས་བསྟུན་མདུན་སྐྱོད་ཀྱིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ།

    “ཐོག་མའི་བསམ་འདུན་མ་བརྗེད་ན་ད་གཟོད་མགོ་མཇུག་རྒྱུན་འཁྱོངས་ཡོང་ཐུབ” དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ན། “རྩ་བ་གཙང་མ་བརྟན་སྲུང”ནི་རྨང་གཞི་རེད། ད་ཆ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་དང་སྒྱུར་བཅོས་ཀྱི་འགག་སྒྲོལ་དུས་མཚམས་ནི་རྟག་ཏུ་འགལ་ཟླ་ཐོན་མང་བའི་དུས་སྐབས་ཤིག་ཀྱང་རེད། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་འགྲན་སློང་དང་དཀའ་ངལ་ལ་ཇི་ཙམ་ཕྱོགས་སྐབས། དེ་ཙམ་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་དེ་ཙམ་གྱིས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་འགྱུར་ལྡོག་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་བསྟན་ཡོད། དེར་བརྟེན། དུས་བབ་གསར་པའི་འོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་འཁུར་བ་དང་། མི་དམངས་ཡོངས་ཀྱིས་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་ལྟ་བ་བཅས་ཐད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་། གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་རེད། དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བར“གསར་གཏོད”ནི་འགག་རྩ་རེད། ད་ཆ་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་གསར་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་རྣམ་པ་གསར་པ། ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་བཅས་ལ་ཕྱོགས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དེ་སྔའི་དུས་གང་རུང་ལས་ཀྱང་དེ་བས་གསར་གཏོད་མཁོ་གལ་ཆེ་བ་ཞིག་ཡོད། འདུ་ཤེས་གསར་གཏོད་དང་། བྱེད་ཐབས་གསར་གཏོད། གཞི་རིམ་ལས་དོན་གསར་གཏོད་བཅས་ལ་དམ་འཛིན་ཡག་པོ་བྱས་ཚེ། གཞི་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱིས་སྤྱི་ཚོགས་ཀྱི་འཕར་རྩ་སྟངས་འཛིན་ཐུབ་པ་དང་། དུས་རབས་ཀྱི་སྙིང་སྟོབས་མཚོན་ཐུབ་པ། འཚོ་བ་དངོས་དང་འབྲེལ་འདྲིས་ཐུབ་པ་བཅས་བྱུང་སྟེ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཡར་ཐོན་གྱི་སྣེ་ཁྲིད་པར་ཐོག་མཐའ་བར་གསུམ་དུ་འགྱུར་ཐུབ།

    “རྩ་བ་གཙང་མ་བརྟན་སྲུང”དང“གསར་གཏོད”ནི་རྩོད་སྒྲུབ་གཅིག་གྱུར་ཞིག་རེད། “རྩ་བ་གཙང་མ་བརྟན་སྲུང”མཐའ་འཁྱོངས་བྱས་ཚེ་གཞི་ནས“གསར་གཏོད”ལ་ལངས་ཕྱོགས་དང་ཁ་ཕྱོགས་གསལ་སྟོན་ཐུབ། རྒྱུན་ཆད་མེད་པར“གསར་གཏོད”བྱས་ཚེ། གཞི་ནས“རྩ་བ་གཙང་མ་བརྟན་སྲུང”ལ་གསོན་ཤུགས་ཀྱི་འབྱུང་རྩ་དང་སྒུལ་ཤུགས་ཀྱི་རྩ་བ་ཡོང་ཐུབ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་ངོམ་པ་བཅས་ཀྱི་ལས་འགན་བསྒྲུབ་རྒྱུའི་ཐད“རྩ་བ་གཙང་མ་བརྟན་སྲུང”གི་བླང་བྱ་ཡོད་དགོས་ལ“གསར་གཏོད”ཀྱི་ཞིབ་འཇུག་བྱ་གཞི་ཡང་ཡོད་དགོས། དུས་བབ་དང་བསྟུན་ནས་ཇུས་འགོད་བྱེད་པ་དང་། དུས་བབ་དང་བསྟུན་ནས་ལས་དོན་སྤེལ་བ། དུས་བབ་དང་བསྟུན་ནས་བྱས་རྗེས་འཇོག་པ་བཅས་བྱེད་དགོས་ལ། རང་རྟོཌ་ཀྱི་འགན་ཁུར་ལས་སྒྲུབ་དང་། མངོན་གསལ་དོད་པའི་གནད་དོན་སྟོན་ཕྱོཌ། དགེ་མཚན་ལྡན་པའི་སྒྱུར་བཅོས་གསར་གཏོད་བཅས་ཀྱི་སྒོ་ནས“རྩ་བ་གཙང་མ་བརྟན་སྲུང་དང་གསར་གཏོད”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཚེ། གཞི་ནས་དྲིལ་བསྒྲཌ་དང་བསམ་བློའི་ལས་དོན་ཡག་ཐོག་ཡག་བརྩེཌ་ཀྱི་རྨང་གཞིའི་ཐོག་དེ་བས་ཡག་ཐོག་ཡག་བརྩེཌ་ཡོང་ཐུབ།

    “རྩ་བ་གཙང་མ་བརྟན་སྲུང”ཁྲོད“གསར་གཏོད”ཧུར་ཐག་བྱེད་པ་དང་། “གསར་གཏོད”ཁྲོད“རྩ་བ་གཙང་མ་བརྟན་སྲུང”མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་ཚེ། ང་ཚོས་གཞི་ནས་རྣམ་པ་གསར་པ་དང་བྱེད་ཐབས་གསར་པའི་ཐོག་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། འགན་འཁྲིར་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་ལས་ཀའི་གྲུབ་འབྲས་གསར་པ་གཏོད་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།