[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཕྱིར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

    ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-09-07

    དུས་རབས་གསར་པར་ལེའུ་གསར་པ་རྩོམ། རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག རང་ལྗོངས་ཀྱིས་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ། དུས་རབས་གསར་པའི་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་པ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ལས་འགན་གལ་ཆེན་བཀོད་སྒྲིག་བྱས་པ་བཅས་ཀྱིས་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་ཀའི་རྣམ་པ་གསར་པ་གཏོད་ཆེད་དོན་སྙིང་གལ་ཆེན་ལྡན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་ཡུན་རིང་པོའི་སྲིད་སྐྱོང་ཆ་རྐྱེན་འོག་ཏང་ཇི་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་ཇི་ལྟར་བྱས་ཏེ་ཏང་འཛུགས་སྐྱོང་བྱེད་དགོས་པའི”ཏང་འཛུགས་སྐྱོང་གི་རྩ་བའི་རང་བཞིན་གྱི་གནད་དོན་དེར་དམ་པོར་དམིགས་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་གཞི་རྩའི་རང་བཞིན་དང་། སྤྱི་ཡོངས་རང་བཞིན། ཕུགས་ཕན་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྲུབ་པ་དང་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིས་འདི་ལོའི་རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེས་དུས་རབས་གསར་པར་ཏང་འཛུགས་སྐྱོང་དང་རྩ་འཛུགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དུས་རབས་གསར་པའི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་སྙིང་དོན་ལ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་བོར་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གྱི་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ། བྱང་ཚད་མཐོ་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། རྒྱལ་གཅེས་ལེགས་སྐྱེས་འབུལ་བའི་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་གཅིག་སྡུད་ཧུར་ཐག་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་བླང་བྱ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། གཞོན་སྐྱེས་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། ཏང་འཛུགས་སྐྱོང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ། རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་བླང་བྱར་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་གོ་བ་ལེན་པ་བཅས་བྱས་ཏེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཐའ་གསལ་མཐིལ་རྟོགས་ཐད་འབད་བརྩོན་ཆེན་པོ་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཐད་ཕན་འབྲས་དངོས་ཐོབ་པར་བྱེད་པ་མ་ཟད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་བཅས་ཀྱི་སྒོ་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།

    ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་གཙོ་གནད་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་དེ་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་པ། དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ཀྱིས་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་ལ་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་ཞབས་འདེགས་ནུས་ལྡན་ཞུ་བ་དང་བོད་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་སོགས་ལས་དོན་ཁག་ལ་ཞབས་འདེགས་ཞུ་དགོས། རྩ་འཛུགས་ཀྱི་མ་ལག་འཛུགས་སྐྱོང་གཙོ་བོར་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཉིད་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་པ་དང་། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས“དམིགས་བསལ་གསུམ”གྱི་བླང་བྱ་དང་འཚམ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་པ། ཤེས་ལྡན་པར་བརྟེན་ནས་བོད་དར་རྒྱས་གཏོང་བའི་འཐབ་ཇུས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྒྱལ་གཅེས་ལེགས་སྐྱེས་འབུལ་བ་དང་མཐའ་མཚམས་ལ་གཞི་ཚུགས་པའི་ཕྱོགས་ཁག་ཐད་ཀྱི་ཤེས་ལྡན་པ་ཕུལ་བྱུང་གཅིག་སྡུད་བྱེད་པ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། ལས་འགན་ལྕི་པོ་འཁུར་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ན་གཞོན་ལས་བྱེད་པ་ཕུལ་བྱུང་གསོ་སྐྱོང་གདམ་གསེས་བྱེད་པ་བཅས་ཀྱི་སྒོ་ནས་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ལས་འགན་ཁག་ནུས་ཤུགས་ལྡན་པའི་ངང་དམིགས་སར་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།

    ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་མུ་མཐུད་འབད་འཐབ་བྱས་ནས། དུས་རབས་གསར་པའི་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་རྩོམ་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།