[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་རིགས་བསྐྱར་དར་ཆེད་དུ་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

  • ཡོང་ཁུངས།   ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩ་ཁྲིམས་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་པ་དེ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བའི་འགན་ལེན་ཞིག་རེད”ཅེས་ནན་བཤད་གནང་ཡོད།   

    རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་རྒྱག་རྒྱུ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་སྤྱད་དེ་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་གནད་དོན་ལ་ཆེད་མངགས་གྲོས་བསྡུར་བྱ་རྒྱུའི་གཏན་འཁེལ་བྱས་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་ད་རེས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་ཕབ་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་བཅུག་པས་རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། དབང་གྲགས་རང་བཞིན་བཅས་སྤྱིའི་ཆར་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་རྩ་ཁྲིམས་དེ་ཉིད་དུས་བསྟུན་འཕེལ་རྒྱས་དང་། འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། “ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད”དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

    དེར་བརྟེན་ང་ཚོས་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། རྩ་ཁྲིམས་ལག་བསྟར་བྱེད་རྒྱུར་འགན་ལེན་བྱ་ཆེད་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པ་དང་། རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དེ་གོ་སྐབས་སུ་བྱས་ནས་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དེ་ཆུ་ཚད་གསར་པར་གོང་མཐོར་གཏོང་དགོས།(ལྗོངས་དྲ་འཕྲིན་གཞུང་ལས་ཁང་། པ་སངས)         

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།