[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “བཟོ་བོའི་སྙིང་སྟོབས”དར་སྤེལ་གཏོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་ཚེ་རིང་།    |    སྤེལ་དུས།   2018-06-08

    ཉེ་དུས་འདི་ག་ཚགས་པར་ཐོག་འགྱུར་མེད་ཚེ་རིང་དང་། ཚེ་རིང་རྡོ་རྗེ། ལིའུ་ཀྲེང་ཕིང་། ལིའུ་ཝུའེ་སོགས“བོད་ཀྱི་བཟོ་བོའི”ངོ་མཚར་ཆེ་བའི་གཏམ་རྒྱུད་བཀོད་ཡོད་པ་དང་། དེའི་ཁྲོད་ནས་སྨྱུག་འཛིན་པས་བཟོ་བོ་འདི་དག་གིས་རང་སོ་སོའི་ལས་ཀའི་ནང་ལྡན་པའི་སྙིང་རུས་རྒྱུན་འཁྱོངས་དང་། ཡར་བརྩོན་འབད་འཐབ། ཏན་ཏན་ཏིག་ཏིག གསར་འབྱེད་ཡར་བརྩོན། ལེགས་སྐྱེས་འབུལ་རྒྱུར་སྤྲོ་བ་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་མྱོང་ཚོར་གཏིང་ཟབ་ཐུབ་བྱུང་། འདི་ནི་དུས་རབས་གསར་པར་རྒྱ་ཆེའི་ལས་སྒྲུབ་པར་ངེས་པར་དུ་ལྡན་དགོས་པའི་ལས་གཅེས་ལས་བརྩོན་དང་ཡག་ཐོག་ཡག་བརྩེགས་ཀྱི་སྙིང་སྟོབས་ཤིག་རེད།

    ལས་གཅེས་ལས་བརྩོན་ནི་བཟོ་བོ་ཚོས་ལས་རིགས་ལ་གུས་ཞུམ་དང་དགའ་ཞེན་བྱས་པ་ལས་བྱུང་བའི་སེམས་ནུས་ཡོད་རྒུས་ལས་ཀའི་ནང་ཞུགས་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ། འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ལས་རིགས་ཀྱི་བསམ་བློའི་འཁྱེར་ཕྱོགས་ཤིག་རེད། ཁོང་ཚོས་རང་ཉིད་ཀྱི་ལས་ཀར་མཐོང་ཆུང་བྱེད་མྱོང་མེད་པར། གང་བྱས་དེ་དགའ་དང་གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་སྤྲོ་བས་གཞོལ་ཏེ་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལས་ཀའི་གྲུབ་འབྲས་གཏོད་ཀྱི་ཡོད།

    ང་ཚོ་མི་རེ་ངོ་རེས་སྤྱི་ཚོགས་ཐོག་བསྐྱོད་པ་དང་། རང་ཉིད་ཀྱི་ལས་གནས་ཐོག་ཞུགས་རྗེས། རང་ཉིད་ཀྱི་ལས་གནས་ལ་དགའ་ཞེན་དངོས་འབྲེལ་བྱས་ནས་རང་འཁྲིའི་ལས་ཀ་དེ་རང་ཉིད་ཀྱི་བྱ་གཞག་ལ་བརྩིས་ནས་ལེགས་པར་བསྒྲུབས་ཏེ་དུས་དང་རྣམ་པ་ཀུན་ཏུ་གང་བྱས་དེ་དགའ་དང་། གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་སྤྲོ་བས་གཞོལ་ཏེ་རབ་ཏུ་འཕེལ་བའི་ལས་ཀའི་སྤྲོ་སེམས་དང་། ཧ་ཅང་ནན་པའི་ལས་ཀའི་རྣམ་འགྱུར་གྱི་ཐོག་ནས་ལུས་ངག་ཡིད་གསུམ་རང་འཁྲིའི་ལས་ཀའི་ནང་ཞུགས་དགོས། དེ་ལྟར་བྱས་ཚེ་ང་ཚོས་དཔེ་བཟང་བཟོ་བོ་ཚོ་དང་འདྲ་བར་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལས་ཀའི་གྲུབ་འབྲས་གཏོད་ཐུབ།

    ང་ཚོའི་བཟོ་བོ་ཚོས་ཉིན་ལྟར་རྟག་ཏུ་ལས་ཀ་སྣ་གཅིག་བྱེད་མོད། འོན་ཀྱང་ཁོང་ཚོས་གསར་གཏོད་དོན་གཉེར་བྱེད་མཚམས་མི་འཇོག་པར་རང་སོ་སོའི་ལས་གནས་ཐོག་གྲུབ་འབྲས་ཡག་ཤོས་གཏོད་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད། འདི་ནི་ལས་སྒྲུབ་མི་སྣ་ཡོངས་ལ་ངེས་པར་དུ་ལྡན་དགོས་པའི་གཞི་རྩའི་བྱང་ཚད་ཅིག་ཡིན་ལ། ལས་གཅེས་ལས་བརྩོན་ལ་གསལ་འགྲེལ་གཏིང་ཟབ་དང་ལག་བསྟར་བྱས་པ་ཞིག་དེ་བས་ཡིན།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“‘ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས’དང‘བཟོ་བོའི་སྙིང་སྟོབས’དར་སྤེལ་བཏང་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་བཀུར་རྣམ་པ་གཏོད་དགོས”ཞེས་བཏོན་ཡོད། དུས་རབས་གསར་པར་ང་ཚོས་ཡག་ཐོག་ཡག་བརྩེགས་ཀྱི“བཟོ་བོའི་སྙིང་སྟོབས”འདིའི་རྩ་བའི་ནང་དོན་མུ་མཐུད་དར་སྤེལ་བཏང་ནས་ཧུར་ཐག་འབད་ཐག་དང་། འགན་འཁྲི་གཙང་སྒྲུབ། བློ་སྒྲིམ་བརྩོན་ཞིབ། སླ་བཅོས་སྤུ་ཙམ་མི་བྱེད་པ་བཅས་བྱས་ཏེ་ལས་ཀ་དེ་བས་ཡག་པོ་བྱེད་པ་དང་། འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ང་ཚོས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།