[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དམངས་ཕན་ཞབས་ཞུ་ཁ་བཤད་ལག་བསྟར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-14

    ཉེ་ཆར། ཧུའུ་པེ་ཞིང་ཆེན་ཧུང་ཨན་རྫོང་གི་ལོ་90ལ་སླེབས་པའི་བགྲེས་སོང་ཤིག་སྤྱི་ཚོགས་འགན་བཅོལ་གྱི་ལོ་བཤེར་ལ་ཞུགས་ཆེད། ཝུའུ་ཧན་ནས་ཧུང་ཨན་ལ་མི་སྐྱོད་ཀ་མེད་བྱུང་བ་མ་ཟད། ད་དུང་འཁོར་སྒྲོམ་ལ་བསྡད་དེ་ཐོག་བརྩེགས་གསུམ་པའི་ཞིབ་བཤེར་བྱ་ཡུལ་བར་བཀྱགས་ནས་ཁྲིད་པའི་གནས་ཚུལ་ཞིག་ཐོན། དེ་ལྟར་བྱེད་དགོས་དོན་ནི“རང་ཉིད་གསོན་པོར་བསྡད་ཡོད་པའི་དཔང་རྟགས་བྱ་ཆེད་ཡིན”པ་རེད། གནས་ཚུལ་དེ་ལས་ཞབས་ཞུའི་སྐར་ཁུང་ཚན་པར་མི་དམངས་ལ་ཞབས་འདེགས་ཞུ་བ་འབོད་ཚིག་ཙམ་ལས་བྱ་སྤྱོད་ལ་མི་འཁྱོལ་བ་བྱ་རྒྱུ་མེད་པར། མང་ཚོགས་ལ་སྟབས་བདེ་ཡོང་ཆེད་བསམ་བློ་མང་ཙམ་གཏོང་དགོས་པའི་ཉེན་བརྡ་ཞིག་གྲགས་ཡོད།

    ལོ་དགུ་བཅུར་སླེབས་པའི་བགྲེས་སོང་ཁོང་ས་ཆ་གཉིས་ལ་འགྲོ་དགོས་བྱུང་བ་མ་ཟད། འཁོར་སྒྲོམ་དུ་བསྡད་དེ་ཡར་འཛེག་མར་འབབ་བྱེད་དགོས་པ་དེ“ལོ་བཤེར་ཐེངས་མ་དང་པོར་དོ་བདག་ངོ་མ་ཡོང་དགོས་པའི”གཏན་འབེབས་ཀྱིས་བཟོས་པ་ཞིག་རེད། ས་གནས་ཁག་ཏུ“འཕྲལ་མར་སྒྲུབ་པ”དང་། “དྲ་ཐོག་ནས་གཉེར་བ”“སྒྲུབ་ཐེངས་གཅིག་ལ་ཚར་བའི”སྒྱུར་བཅོས་གཏིང་ཟབ་ལག་ལེན་བསྟར་བའི་དུས་འདིར། ལྷོད་གཡེང་དང་ནོར་འཁྲུལ་གྱི་བྱེད་སྟངས་དེ་རིགས་ལ་བལྟས་ཚེ་ང་ཚོས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ལས་འགན་འདི་དཀའ་ཚེགས་ཆེ་བ་དང་འགན་འཁྲི་ལྕི་བ་ཞིག་ཡིན་པ་ཚོར།

    འབྲེལ་ཡོད་ཀྱི་གཏན་འབེབས་ལག་ལེན་ནན་ཏན་བསྟར་བ་དང་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལེགས་སྒྲིག་བྱེད་པའི་དབར་སྙོམས་སྒྲིག་བྱེད་ཐབས་ཤིག་གཏན་ནས་མེད་པ་མི་སྲིད། སྤྱི་ཚོགས་འགན་བཅོལ་གྱི་ལོ་བཤེར་ནི་ལག་ལེན་ནན་ཏན་བསྟར་དགོས་པ་ཡིན་ནའང་། མང་ཚོགས་ལ་སྟབས་བདེ་སྐྲུན་པ་དང་ཡང་སྒོས་སུ་དགུང་ལོ་བགྲེས་པ་དང་། ནད་གཞི་ལྕི་བ། དབང་པོ་སྐྱོན་ཅན་སོགས་འགྲོ་སྐྱོད་སྟབས་བདེ་མེད་པའི་ཚོགས་སྤྱིར་རྒྱང་ནས་བདེན་དཔང་ངོས་འཛིན་དང་སྒོ་རྩར་བདེན་དཔང་ངོས་འཛིན་བྱེད་པ་སོགས་ཀྱི་ཞབས་ཞུའང་དེ་མཚུངས་སུ་སྤེལ་དགོས་ངེས་ཤིག་རེད།

    སྲིད་ཇུས་ཇི་འདྲ་ཡག་པོ་ཡོད་ཀྱང་ཡིག་ཐོག་ཏུ་ལུས་ཚེ་སྔར་བཞིན་མི་སེར་ལ་ཕན་པ་བསྐྲུན་མི་ཐུབ། མང་ཚོགས་ལ་ཐད་ཀར་ཕྱོགས་པའི་སྐར་ཁུང་ཚན་པའི་ངོས་ནས་བཤད་ཚེ། མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པར་གལ་འགངས་ཆེ་ཤོས་ཤིག་ནི། ཞབས་ཞུ་རྒྱུན་གཏན་གྱི་དོན་དངོས་བྱ་བའི་ཁྲོད་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་དང་། མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་བའི་ལས་དོན་ཁྲོད་ཁྱབ་པར་བྱ་རྒྱུ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སྒྲོལ་བའི་ལས་དོན་ཧུར་ཐག་སྒྲུབ་པའི་ནང་དོན་འཁྱོལ་བྱ་རྒྱུ་བཅས་ལས་མ་འདས།

    ད་ཆ“དྲ་སྦྲེལ+”ཀྱི་སྲིད་དོན་ཞབས་ཞུ་རིམ་པས་ཁྱབ་སྤེལ་འགྲོ་བའི་མཚམས་འདིར། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་དེ“འཕྲལ་མར་སྒྲུབ་པ”དང་། “དྲ་ཐོག་ནས་གཉེར་བ”“སྒྲུབ་ཐེངས་གཅིག་ལ་ཚར་བ”སོགས་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་བྱ་ཐབས་བཟང་པོ་འདི་རིགས་ལག་བསྟར་ཡག་པོ་དང་དོན་འཁྱོལ་མགྱོགས་མྱུར་བྱེད་དགོས་པ་ལས། འབོད་ཚིག་གམ་ཡང་ན་འཕྲེད་འགེལ་སྦྱར་ཡིག་ཐོལ་པ་སྦྱར་ཡོད་མེད་ལ་ཐུག་མེད། དེར་བརྟེན། ས་གནས་ཁག་གིས་སྲིད་དོན་ཞབས་ཞུའི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གོམ་སྟབས་རྗེས་མར་ལས་དོན་པའི་འགན་སེམས་ཆེ་རུ་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བྱ་བཟང་ཡག་པོ་སྒྲུབ་པ་དང་བྱ་བ་ཆུང་ཙག་ཏན་ཏིག་ངང་སྒྲུབ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།