[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྔ་ཕྱི་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-04-14

    སྒྲིག་སྲོལ་ལས་འགལ་ན་རྩད་གཅོད་བྱེད་ངེས་དང་། སྒྲིག་ཁྲིམས་ལས་འགལ་ན་ཞིབ་བཤེར་བྱེད་ངེས། ཁྲིམས་ལས་འགལ་ན་ཆད་པ་ཕོག་ངེས་བཅས་རེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ནམ་ཡང་ཚར་དུས་མེད། ཚེས་12ཉིན་སུན་ཀྲེང་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོས་ཐེན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོར་ཡོངས་བསྒྲགས་ངང་འདྲི་ཞིབ་བྱེད་འགོ་བཙུགས་པ་རེད། གྱོད་གཞི་དེར་ཁྲིམས་ལྟར་འདྲི་ཞིབ་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་གསལ་པོ་སླར་ཡང་མངོན་གྱི་ཡོད་ལ་སྒྲིག་སྲོལ་དང་ཁྲིམས་སྲོལ་གཞིར་བཟུང་རུལ་སུངས་ལ་ཆད་པ་གཅོད་པའི་ཞུམ་མེད་ཀྱི་དཔའ་ཉམས་དང་འགྱུར་མེད་ཀྱི་བློ་སྟོབས་ཀྱང་མཚོན་གྱི་ཡོད།

    སུན་ཀྲེང་ཚའེ་ཡི་གྱོད་གཞིར་ཞིབ་གཅོད་བྱས་པར་ཕྱིར་ལྟ་བྱེད་སྐབས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་དང་། ཀྲུང་དབྱང་སྒྲིག་ཨུད། སྲིད་ཁྲིམས་ལས་ཁུངས་བཅས་ཀྱིས་འབྲེལ་ཡོད་ཁུངས་སྣེ་དང་དཔང་རྟགས་ཁོང་དུ་ཆུད་པ་ནས་ཀྲུང་དབྱང་གིས་སུན་ཁྲེང་ཚའེ་ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་ནས་གཞན་དུ་གཏོང་རྒྱུའི་གཏན་འབེབས་བྱས་པའི་བར་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱིས་སུན་ཀྲེང་ཚའེ་ལ་སྒྲིག་ཁྲིམས་ཞིབ་བཤེར་བྱས་པ་དང་། སྐོང་འདྲི་བྱས་པ། གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བྱས་པ་བཅས་ནས་ཀྲུང་གུང་ཀྲུང་དབྱང་གིས་སུན་ཀྲེང་ཚའེ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་གནས་དབྱུང་གཏོང་རྒྱུའི་ཆད་གཅོད་གཏན་འབེབས་བྱས་པ་དང་དེ་བཞིན་ཉེས་པ་བསགས་པའི་དོགས་གཞི་ཡོད་པའི་གནད་དོན་དང་ཁུངས་སྣེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པའི་བར། དེ་ནས་འདྲི་ཞིབ་དང་པོས་ཁྲིམས་ལྟར་ཡོངས་བསྒྲགས་སུ་ཁྲིམས་ར་འཚོགས་ནས་འདྲི་ཞིབ་བྱས་པའི་བར་བཅས་ཀྱི་ལྷུ་ཚིགས་ཚང་མར་སྒྲིག་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དེས་ཕྱི་ཕྱོགས་སུ་བརྡ་རྟགས་གསལ་པོ་ཞིག་སླར་ཡང་བཏང་བ་སྟེ། ཏང་ཁྲིམས་དང་རྒྱལ་ཁྲིམས་ཀྱི་མདུན་དུ་དམིགས་བསལ་གྱི་ཏང་ཡོན་གཏན་ནས་མེད་པ་དེ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་འགྱུར་མེད་ཀྱི་ཆོད་སེམས་དང་། ཞུམ་མེད་ཀྱི་སྙིང་སྟོབས། སྔར་མེད་ཀྱི་སྟོབས་ཤུགས་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པ་ལས་ཏང་སྲོལ་སྲིད་སྲོལ་མངོན་གསལ་དོད་པོས་ཡག་ཏུ་སོང་ཡོད་ལ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་ཡང་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད། སུན་ཀྲེང་ཚའེ་ཡི་གྱོད་གཞི་ཞིབ་གཅོད་བྱས་པ་དེས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཚོད་དཔག་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་འཕྲོད་ཁུངས་བཙན་ཐུབ་ཀྱི་ཡོད། དེས་ན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་འགན་སྔར་བཞིན་ལྕི་ལ་ལམ་ཐག་ཀྱང་རིང་བས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་འཁྱོངས་མཐར་ཕྱིན་པ་བྱེད་དགོས།

    “ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་རླབས་ཆེན་གྱི་བྱ་གཞག་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྟེན་དགོས་ཀྱི་ཡོད། དེས་ན་ཏང་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཞིག་ལྡན་དགོས་ཀྱི་ཡོད”ནམ་ཡང་ཚར་དུས་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྔར་བས་གཏི་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྣམ་པ་གསར་པ་གཏོད་དགོས། གཞི་ཚུགས་ས་གསར་པ་དང་སྔར་བས་མཐོ་བའི་སྒོ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།